དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་གྱིས།

    ཆུ་རྒྱུད་ལས་གྲྭ་འཛུགས་སྐྲུན་བྱས་ནས་གནས་འཕྲོད་གྲོང་ཁྱེར་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-15

    གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་བཀོད་པ་སྔར་བས་ལེགས་སུ་བཏང་སྟེ་གྲོང་ཁྱེར་གྱི་ནུས་པའི་སྤུས་ཚད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭའི(དུས་ཐེངས་གཉིས་པ)ཅང་སུའུ་ལམ་ཆེན་གྱི་ཆུ་རྒྱུད་ལས་གྲྭའི་རྣམ་གྲངས(གཤམ་ལ“རྣམ་གྲངས”ཞེས་བསྡུ་རྒྱུ)ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་གྱི“ཆུ་བོས་གྲོང་ཁྱེར་བརྒྱན་པའི”ལས་དོན་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གྲོང་མི་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    “རྣམ་གྲངས་བསྐྲུན་རྗེས། གྲོང་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུ། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་དང་རིག་གནས་ཀྱི་ནང་དོན་ཟབ་ཏུ་འགྲོ་རྒྱུ་དང་ཆབས་ཅིག གྲོང་མི་མང་ཚོགས་ཚོར་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་བྱུང་ནས་འགྱིག་བལ་གྲོང་ཁྱེར་སྐྲུན་པར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད”

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།