དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ས་ཕྱོགས་གང་སར་སྟོན་ཉམས་ཀྱིས་ཕྱུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    སྟོན་མཇུག་ཏུ་ས་གནས་ཁག་ལ་སྟོན་ཉམས་ཀྱིས་ཕྱུག་ནས་ནགས་ཚལ་གསེར་མདོག་ཏུ་གྱུར་ཏེ་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། འདི་ནི་གྲོང་མིས་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་མི་དམངས་སྤྱི་གླིང་གི་མཛེས་ལྗོངས་ལ་ལྟ་བཞིན་པ།

    འདི་ནི་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་ཐིང་ལིན་སྐྱེད་ཚལ་གྱི་སྟོན་ཉམས་ཡིན་པ།

    འདི་ནི་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་ཤི་ཐོའུ་གྲོང་རྡལ་ཤིས་ཕོ་གྲོང་ཚོ་ནས་པར་བརྒྱབ་པའི་གྲོང་གསེབ་ཀྱི་སྟོན་ཉམས་ཡིན་པ།

    འདི་ནི་ཧོ་ནན་ཞིང་ཆེན་ཆིན་དབྱང་གྲོང་ཁྱེར་ཧྲེན་ནུང་རི་བོའི་མཛེས་ལྗོངས་ཁུལ་ནས་པར་བརྒྱབ་པའི་ཐའེ་ཧང་རི་བོ་ལྷོ་ངོས་ཀྱི་སྟོན་ཉམས་ཡིན་པ།

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཝུའུ་ཞ་ལྷ་མོའི་མཛེས་ལྗོངས་ཁུལ་ནས་པར་བརྒྱབ་པའི་ལོ་མ་དམར་པོས་ཝུའུ་ཞ་མཛེས་ལྗོངས་ཁུལ་རབ་ཏུ་བརྒྱན་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།