དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2024ལོའི་གྲ་ནང་རྫོང་གི་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འོས་སྦྱོར་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    ཉིན་ཤས་གོང་། ལྷ་སར“ཡར་ཀླུང་གཙང་པོའི་ཉམས་བཟང་། ཐགས་སུ་མཛེས་པའི་གྲ་ནང”ཞེས་པའི་2024ལོའི་གྲ་ནང་རྫོང་གི་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འོས་སྦྱོར་འདུ་ཚོགས་གཉེར་བ་རེད།

    འོས་སྦྱོར་འདུ་ཚོགས་སུ་གྲ་ནང་རྫོང་གི་འབྲེལ་ཡོད་འགན་འཁུར་བས་གྲ་ནང་རྫོང་གི་ལེགས་ཆའི་ཐོན་ལས་ཀྱི་ཐོན་ཁུངས་དང་། མ་འཇོག་ཁོར་ཡུག ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས། རིག་གནས་ཡུལ་སྐོར་ཐོན་ཁོངས་སོགས་གཅིག་སྡུད་ཐོག་འོས་སྦྱོར་བྱས་ནས་ལྷག་བསམ་བཟང་པོས་ཁེ་ལས་མཁས་ཅན་ཚོ་གྲ་ནང་དུ་རྟོག་ཞིབ་མཛུབ་ཁྲིད་དང་མ་འཇོག་ལས་དར་ཡོང་བར་གདན་འདྲེན་ཞུས་ཡོད། དེ་རྗེས་གྲ་ནང་རྫོང་གི་ཚོང་འགུགས་མ་འདྲེན་གཞིས་ཆགས་ཁེ་ལས་ཀྱི་འཐུས་མི་རྣམས་ཀྱིས་སྤེལ་རེས་གཏམ་བཤད་བྱས་ཏེ་གཞིས་ཆགས་གཉེར་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

    འོས་སྦྱོར་འདུ་ཚོགས་ཀྱི་ས་ཡུལ་དངོས་སུ་ད་དུང་འདོད་མཐུན་དོན་འཁྱོལ་གྲ་ནང་ཁེ་ལས་ཀྱིས་མཉམ་སྡེབ་གན་འཇོག་མཛད་སྒོ་གཉེར་ཞིང་། གྲ་ནང་རྫོང་མི་དམངས་སྲིད་གཞུང་གིས་ཁེ་ལས་3དང་འདོད་མཐུན་གན་རྒྱ་བཞག་པ་དང་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་1.37ཟིན་པ་དེ་དག་རིག་གནས་ཡུལ་སྐོར་དང་ཞིང་ལས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། རྣམ་གྲངས་དོན་འཁྱོལ་བྱུང་རྗེས་གྲ་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་སྦྱིན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།