དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདེབས་འཛུགས་རྟེན་གཞིར་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུའི་ས་ཚིགས་འཛུགས་པ་དང་དཔེ་དེབ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-11

    ཉེ་ཆར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདེབས་འཛུགས་རྟེན་གཞིར་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུའི་ས་ཚིགས་འཛུགས་པ་དང་དཔེ་དེབ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ལས་སྟེགས་བསྐྲུན་པ་དང་། མཐུན་རྐྱེན་བསྐྲུན་པ། ཐོན་ཁུངས་མཁོ་འདོན་བཅས་ཧུར་ཐག་བྱས་ཏེ། རྒྱ་ཆེའི་གླ་པ་བའི་རིག་གནས་ཤེས་བྱའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    འཇམ་དཔལ་གྱིས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ལྷོ་རི་བྱང་རི་སྔོ་འགྱུར་འདེབས་འཛུགས་རྟེན་གཞིར་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུའི་ས་ཚིགས་བཙུགས་ནས། རིན་མི་དགོས་པར་སྣ་ཁ་འཛོམས་པའི་དཔེ་ཆའི་ཐོན་ཁུངས་ཞལ་འདེགས་སུ་འབུལ་བ་ནི་མི་ཚོགས་མི་འདྲ་བའི་དཔེ་ཀློག་གི་དགོས་མཁོ་སྐོང་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས། རྒྱ་ཆེའི་གླ་པ་བ་ཚོས་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་སྔར་བས་སྟབས་བདེ་ཞིང་ལོངས་སུ་སྤྱོད་ཐུབ་པའི་གསར་གཏོད་ཀྱི་བྱ་བ་དང་དངོས་སྒྲུབ་ཀྱི་བྱ་བ་ཞིག་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།