དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    མངའ་རིས་ཀྱིས་རིག་རྩལ་དང་ཡུལ་སྐོར་ཕན་ཚུན་ཟུང་འབྲེལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་མྱུར་བཏང་ནས། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དང་། ཡུལ་སྐོར་གཉེར་སྐྱོང་བྱེད་པོ་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ། རིག་གནས་དང་ཡུལ་སྐོར་ཐོན་རྫས་ཀྱི་ལས་རྣམ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་པ་བཅས་བྱུང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ་1ནས་9པའི་བར། མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་207.96ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བའི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་20.87ཟིན་པ་དེ་དུས་མཚུངས་ལས་40.4%དང་27.6%སོ་སོར་འཕར་ཡོད་པ་རེད།

    མངའ་རིས་ས་ཁུལ་གྱིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་ལ་སྐུལ་འདེད་བཏང་བ་དང་མངའ་རིས་ས་ཁུལ་གྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.18བཏང་བའི“ལོ་ལྔ་ཚན་བཅུ་བཞིའི”རྣམ་གྲངས་5ལོ་འདིའི་ནང་ལས་མཇུག་འགྲིལ་ནས་སྤྱོད་ཐུབ་པ་བྱེད་པ། རིག་ལྡན་ཡུལ་སྐོར་ལས་སྟེགས་སྐྲུན་པའི་རྣམ་གྲངས་ལོ་མཇུག་གོང་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། 2024ལོའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ(སྐབས་དང་པོ)དང“མངའ་རིས་ལ་གསེར་གྱི་བྱ་དགའ་ཐོབ་པའི”ཕུལ་བྱུང་གི་ཡུལ་སྐོར་ཚོང་ཟོག་རིམ་སྤེལ་འགྲེམས་སྟོན་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ས་གནས་དེ་གའི་རིག་གནས་བསམ་བཀོད་ཀུང་སིས་རིག་གནས་བསམ་བཀོད་ཐོན་རྫས་རིགས་237ཇུས་འགོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། བྱ་དགའ་སྤྲོད་པའི་བྱ་ཐབས་བཟོས་ནས་ཁྲོམ་རའི་བྱེད་པོ་ནང་འདྲེན་བྱས་པར་ལོ་འདིའི་ནང་ཡུལ་སྐོར་ལས་དོན་ཁང་4དང་སྐར་མ་གསུམ་པ་རིམ་པའི་གསོལ་མགྲོན་ཁང་1མང་དུ་འགྲོ་རྒྱུ་རེད། ཡུལ་སྐོར་མཐུན་ཚོགས་རིག་གནས་བསམ་བཀོད་ཚོང་ཟོག་ཡན་ལག་ཚོགས་པ་དང་ཞང་ཞུང་རིག་གནས་མཐུན་ཚོགས་སྔ་རྗེས་སུ་བཙུགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    མངའ་རིས་ས་ཁུལ་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས“གུ་གེའི་གནའ་ཤུལ”གནའ་རྫས་རྟོག་ཞིབ་སྤྱི་གླིང་ལ་རེ་ཞུ་བྱེད་པའི་དུས་འགོའི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པས་གུ་གེ་རྒྱལ་རབས་གནའ་གྲོང་གི་གནའ་ཤུལ་སྲུང་སྐྱོབ་སོགས་རྣམ་གྲངས་4ལ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྣམ་གྲངས་འཛུགས་པའི་ཞིབ་མཆན་ཐོབ་པ་རེད། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བཞི་པ་ཏན་ཏིག་སྤེལ་བས་མིག་སྔར“ཡོངས་ཁྱབ་གསུམ”གྱི་ཁག་236ལ་བསྐྱར་བཤེར་ཟིན་པ་དང་གསར་དུ་རྙེད་པའི་རིག་དངོས་ཁག་210ལ་བརྟག་དཔྱད་ཐོ་འགོད་བྱས་པ་རེད། ཁག་གསུམ་པའི་ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཏན་འཁེལ་བྱེད་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས། རྣམ་གྲངས་39དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་34ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།