དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2024ལོའི“དགུན་ཁར་བོད་དུ་ཡུལ་སྐོར་བྱེད་པའི”འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-21

    ཟླ་10ཚེས་18ཉིན། 2024ལོའི“དགུན་ཁར་བོད་དུ་ཡུལ་སྐོར་བྱེད་པའི”འགོ་ཚུགས་མཛད་སྒོའི་རིམ་སྤེལ་བྱེད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་2024ལོའི“དགུན་ཁར་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། རྒྱལ་སྤྱིའི་ས་ཁོངས་ཕྱིའི་ཡུལ་སྐོར་ཚོང་པའི་རྟོག་ཞིབ་རུ་ཁག་གི་སྐུ་མགྲོན་དང་། རྒྱལ་ནང་གི་ཡུལ་སྐོར་ཚོང་པ། OTAཁེ་ལས་ཀྱི་འཐུས་མི། པར་རྒྱག་ལ་དགའ་མཁན། ཡུལ་སྐོར་བརྡར་པ། དེ་བཞིན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་ཁྱོན་བསྡོམས་མི་200ལྷག་ཙམ་མཛད་སྒོར་ཞུགས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། ས་གནས་ཁག་དང་སྡེ་ཚན་ཁག ཡུལ་སྐོར་ཚོང་པ་དང་གྲོགས་པོ་གསར་འགོད་པ་ཚོས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་ཐབས་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱས་ཏེ། རྒྱལ་ཡོངས་དང་རྒྱལ་ཕྱིའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ནས་བོད་དུ་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་བ་དང་། དུས་རབས་གསར་པའི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་གསོན་ཤུགས་དེ་བས་ཆེ་བ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།