དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • 2024ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་དུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-17

    ཚེས་15ཉིན་གྱི་སྔ་དྲོར་2024ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་དུ་སྐྱོད་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དཔལ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་མ་ཟད། བྱེད་སྒོའི་ཞིབ་བཤེར་ཚོགས་ཆུང་ལ་དར་ཆ་སྤྲད་གནང་བ་རེད།

    འཇམ་དཔལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་གཞུང་ལམ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱེད་པ་དང་ལྗང་མདོག་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞུང་ལམ་འཛུགས་སྐྲུན་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་མཉམ་འདྲེས་ཐུབ་པ་བྱེད་དགོས་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ཤེས་རྟོགས་བྱེད་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ལ་ཞིབ་བསྡུར་ནན་པོ་བྱས་ཏེ་གནད་དོན་བཙལ་འཚོལ་དང་དབྱེ་ཞིབ་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་ནུས་ལྡན་བཅས་བྱས་ནས་འབྲེལ་ཡོད་ས་གནས་དང་། སྡེ་ཚན། ཁེ་ལས་བཅས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། འབྲེལ་ཡོད་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་འཕྲིན་སྤེལ་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།