དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མཛེས་སྡུག་ལྡན་པའི་གྲོང་ཁྱེར་དུ་བདེ་ཞིང་སྐྱིད་པའི་འཚོ་བར་རོལ།

    —— སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྟ་སྣང་དོད་ལ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཧུར་ཐག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    སྤྱི་པའི་གསང་སྤྱོད་ནི་གྲོང་ཁྱེར་ཞིག་གི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། སྤྱི་པའི་གསང་སྤྱོད་ནས་གྲོང་ཁྱེར་གྱི་གཟུགས་བརྙན་ཧྲིལ་པོ་མཚོན་གྱི་ཡོད།

    སྤྱི་པའི་གསང་སྤྱོད་ལ་ཕྱིན་མ་ཐག་པའི་གྲོང་མི་བསྟན་པ་གཡུ་སྒྲོན་གྱིས“སྔོན་ཆད་ཉེ་འགྲམ་དུ་སྤྱི་པའི་གསང་སྤྱོད་མེད་པས་སྟབས་བདེ་པོ་གཏན་ནས་མི་འདུག འོན་ཀྱང་ད་ཆ་སྤྱི་པའི་གསང་སྤྱོད་མང་དུ་ཕྱིན་པ་མ་ཟད་གཙང་སྦྲ་དོད་ལ་དྲི་ངན་ཡང་མི་འདུག”ཅེས་བཤད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོཌ་བསྡུས་བཅོས་སྒྲིག་ཆེན་པོ་བྱས་ཚུན་སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྔ་རྗེས་སུ་གྲོང་ཁུལ་གྱི་གཞུང་ལམ་ལམ་རྒྱུད་ཀྱི་སྤྱི་པའི་གསང་སྤྱོད་15ཡི་ཆུའི་གཅུས་ཕུར་དང་། རྡོ་གཅལ། སྒོ་ལུང་། ལག་པ་ཁྲུས་གཞོང་། ཆུ་སྙིགས་སྦུ་གུ། གློག་སྒྲོན། ས་འོག་མདོང་ལམ། ཆུ་ཀ་ལའི་སྦུ་གུ་སོགས་ཕྱོགས་ཡོངས་ནས་གསར་བཟོ་བྱས་པ་རེད། མིག་སྔའི་བར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་པའི་གསང་སྤྱོད་62བསྐྲུན་པའི་ནང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ས་ཁོངས་ཁག་གི་མི་རྒྱུན་དང་མཐའ་འཁོར་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་ལྟར་གྲོང་ཁུལ་གཙོ་བོར་སྤྱི་པའི་གསང་སྤྱོད་21དང་སྟོད་རྒྱུད་གྲོང་རྡལ་གསུམ་དུ་གསང་སྤྱོད་12 སྨད་རྒྱུད་ཁྲོམ་གཞུང་གསུམ་དུ་གསང་སྤྱོད་27 གྲོང་ཁྱེར་མ་འཇོག་སྡེབ་ཚོང་ཚལ་ཁྲོམ་དུ་གསང་སྤྱོད་2བཅས་བཀོད་སྒྲིག་བྱས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལས་དོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་གསང་སྤྱོད་དུ་འགྲོ་བདེ་པོ་ཡོང་ཆེད། ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྤྱི་པའི་གསང་སྤྱོད་དོ་དམ་ལམ་ལུགས་གསར་པ་བཟོས་ཏེ་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་གསང་སྤྱོད་དུ་གཙང་སྦྲ་བྱེད་མཁན་52བཀོད་སྒྲིག་བྱས་པ་དང་། ཁོ་ཚོས་ཉིན་གང་གཙང་སྦྲ་དང་སྒྲིག་ཆས་དང་སྒྲིག་བཀོད་ལ་ཞིབ་བཤེར་དང་ཉམས་བཟོ་བྱས་ནས་གསང་སྤྱོད་ཀྱི་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་བཏང་ཐོག་ས་ངོས་ཀྱི་གཙང་སྦྲ་དང་། གྱང་ངོས་ཀྱི་གཙང་སྦྲ། ཉེ་འཁོར་གྱི་གཙང་སྦྲ་བཅས་ལ་འགན་ལེན་བྱས་ཏེ་ཆུ་མི་ལུད་པ་དང་། དུག་སྦྲང་སོགས་མེད་པ། དྲི་ངན་མེད་པ་བཅས་བྱུང་ནས《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་གསང་སྤྱོད་འཁོར་རྒྱུག་དོ་དམ་གྱི་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཀྱི་ཚད་གཞི་ལོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།