དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས།

    ཡུར་བུའི་ནང་གི་གད་སྙིགས་གཙང་སེལ་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

     ཉེ་ཆར། བཞད་མཐོང་སྨོན་རྫོང་གིས་གཙང་པོ་དང་མཚོའི་གཙང་སྦྲ་བ་དང་སྐོར་ཞིབ་པ་སྒྲིག་འཛུགས་བྱས་ཏེ། ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་ཡུར་གྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་གི་བྱེད་སྒོ་སྤེལ་བ་རེད།

    བཅོས་སྒྲིག་བྱེད་སྒོར་ཞུགས་མཁན་70ལྷག་ཙམ་གྱིས་གད་སྙིགས་སྒྲུག་བྱེད་སྐམ་པ་་དང་། སྦྱག་མ། རྩྭ་རས་སོགས་ཁྱེར་ནས་ཆུ་ངོས་སུ་གཡེང་བའི་དངོས་རྫས་དང་ཆུ་འགྲམ་གྱི་འཚོ་བའི་གད་སྙིགས་གཙང་སེལ་བཅོས་སྒྲིག་བྱས་པས། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་བཞད་མཐོང་སྨོན་རྫོང་གི་ལམ་རྒྱུད་ཀྱི་བཀོད་པ་ཉམས་དགའ་བ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་བཞད་མཐོང་སྨོན་རྫོང་ཆུ་བེད་ཅུས་ཀྱི་ལས་དོན་པས་ཆུ་བོ་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་ལག་དེབ་80དང་དྲིལ་བསྒྲགས་ལག་རྟགས་76སྤྲད་པ་མ་ཟད། མང་ཚོགས་ལ་ཆུའི་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་དང་ཆུའི་སྐྱེ་ཁམས་ཁོར་ཡུག་འཕྲོད་བསྟེན་གྱི་གལ་ཆེའི་རང་བཞིན་གྱི་སྐོར་ལ་འགྲེལ་བཤད་ཀྱང་ཧུར་ཐག་བརྒྱབ་ཅིང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་གི“འགན་འཁྲི་ཚང་མར་ཡོད་པ་དང་། ཚང་མ་ཞུགས་པ། ཚང་མས་མཉམ་སྤྱོད”བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།