རིག་ལྡན་ཅན་གྱི་བྱེད་ཐབས་སྤྱད། སྔོ་ལྗང་ཡུལ་ལྗོངས་ལྟ་ན་སྡུག
ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ལྡན་ཅན་གྱི་ཆུ་བོ་དང་མཚོའི་བཅོས་སྐྱོང་ལས་དོན་ལེགས་པར་བསྒྲུབས་པའི་སྐོར་བཀོད་པ།
དུས་ཡུན་རིང་པོའི་ནང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ལྡན་ཅན་གྱི་ཆུ་བོ་དང་མཚོའི་བཅོས་སྐྱོང་ལས་དོན་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་བཅོས་སྐྱོང་ལས་སྟེགས་གསར་གཏོད་དང་། བཅོས་སྐྱོང་གྲངས་གཞིའི་མཛོད་གསར་འཛུགས། དྲ་སྤྲིན་ནས་བཅོས་སྐྱོང་ལ་དོ་དམ་བཅས་བྱས་ཤིང་། ཉིང་ཁྲིའི་དོན་དངོས་དང་མཐུན་པའི་རིག་ལྡན་ཅན་གྱི་ཆུ་བོ་དང་མཚོའི་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཆུ་བོ་དང་མཚོའི་བཅོས་སྐྱོང་གི་ཕན་ནུས་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཆུ་མོ་དྭངས་གཙང་དང་། ཆུ་ལམ་ཐོགས་མེད། ཡུལ་ལྗོངས་མཛེས་པ”བཅས་ཀྱི་ཆུའི་སྐྱེ་ཁམས་ལེགས་པོ་ཞིག་ཆགས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཁྲོད་གནས་པའི་མཐུན་སྦྱོར་ཐག་གཅོད་ཆ་ཚང་པོ་མེད་པ་དང་། རང་འགུལ་སྔོན་བརྡའི་མ་ལག་རིག་ལྡན་མིན་པ། དུས་ཐོག་ཏུ་སྤྱི་འདོམས་དང་ལྟ་འདོམས་མི་ཐུབ་པ། ཐབས་ཇུས་ཀྱི་འདེགས་སྐྱོར་གང་ལེགས་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས“མྱུར་དུ་སྒྲུབ་པ་དང་། འཕྲལ་མཁོ་སྔོན་ལ་སྐྲུན་པ། རིམ་དབྱེ་ཁག་བགོས། གོ་རིམ་ལྟར་སྐུལ་འདེད”བཅས་ཀྱི་རྩ་དོན་ལྟར། ཉིང་ཁྲིའི་དོན་དངོས་དང་མཐུན་པའི་རིག་ལྡན་ཆུ་བོ་དང་མཚོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི(2022ལོ་ནས་2025ལོའི་བར)སྒྲིག་བཟོ་བྱས་ཤིང་། དྲ་སྤྲིན་རྩིས་རྒྱག་དང་། དྲ་སྦྲེལ། ཟོག་འབྲེལ་དྲ་རྒྱ། སྒུལ་བདེའི་མཉམ་སྦྲེལ། རིག་ནུས་དབྱེ་ཞིབ། སྲུང་སྐར་རྒྱང་ཚོར། བྱང་སྐར་གྱི་གནས་གཏན་འཁེལ། མི་མེད་གནམ་གྲུའི་མཁའ་ཐོག་ཚད་འཇལ། སྐབས་ཐོག་ཚོར་བརྡ་བརྒྱུད་གཏོང་གི་ལྟ་ཞིབ་ཚད་ལེན་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་2022ལོར་རིག་ལྡན་ཆུ་བོ་དང་མཚོའི་ལས་སྟེགས་སྒྲོམ་གཞི་བསྐྲུན་པ་དང་། 2023ལོ་ནས་2025ལོའི་བར་སླར་ཡང་མ་དངུལ་སྒོར་ཁྲི་2400བཏང་ནས་དུས་ཐེངས་གསུམ་ལ་བགོས་ཏེ་རིག་ནུས་ཆུ་བོ་དང་མཚོའི་རྣམ་གྲངས་བསྐྲུན་ཏེ། གྲངས་འཛིན་ཅན་གྱིས་ཆུ་བོ་དང་མཚོའི་བཅོས་སྐྱོང་ལ་ནུས་པ་སྦྱིན་པའི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་རིག་ལྡན་ཆུ་བོ་དང་མཚོའི་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ལེགས་གྲུབ་ཟིན་ཚད་55%ཟིན་ཡོད་ཅེས་གསར་འགོད་པར་བཤད།
རིག་ལྡན་ཅན་གྱི་ཆུ་བོ་དང་མཚོ་བཅོས་སྐྱོང་གི“ལས་སྟེགས་ཆེན་པོ”གཏོད་པའི་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་དང་ཉང་ཆུ་སོགས་གཙོ་གནད་ཆུ་བོའི་དུམ་བུར་སྐོར་སྐྱོད་བརྙན་ལམ་ལྟ་ཞིབ་ཚད་ལེན་ས་ཚིགས་50སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། བརྙན་ལམ་ལྟ་ཞིབ་དོ་དམ་ས་ཚིགས་14མགྱོགས་མྱུར་སྐྲུན་བཞིན་ཡོད་ལ། རང་སྐྱོང་ལྗོངས་ནས་རྫོང(ཆུས་དང་གྲོང་ཁྱེར)རིམ་པའི་ཆུ་བེད་ཅུས་བར་གྱི་རིམ་པ་བརྒལ་བའི་ཆུ་བོ་དང་འབྲེལ་བ་ཡོད་པའི་གྲངས་གཞི་ཁག་26ལེགས་སྒྲིག་གིས“རི་མོ་གཅིག”གི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད། ཆུ་བོ་དང་མཚོའི“རི་མོ་གཅིག”དང་། བརྙན་ལམ་གྱི་AIདབྱེ་ཞིབ། ཆུ་བོ་དང་མཚོའི་ཡིག་ཚགས། ཆུ་བོ་དང་མཚོའི་གདེང་འཇོག་སོགས་དཔེ་དུམ་ཆེན་པོ་6གི་ཆེད་བསྒྲིགས་ལེ་ཚན་21བཀོད་སྒྲིག་བྱས་ཤིང་། ཆུ་གནས་དང་། གད་སྙིགས། གཡེང་དངོས་དབྱེ་འབྱེད་སོགས་ཀྱི་བརྙན་ལམ་AIརྩི་ཐབས་ལ་བརྟེན་ནས་ཆུ་བོ་དང་མཚོའི་བཅོས་སྐྱོང་གནད་དོན་རང་འགུལ་ངང་ཤེས་རྟོགས་དང་སྔོན་བརྡ་གཏོང་ཐུབ་པ་རེད། དེ་དང་ཆབས་ཅིག་ཆུ་བོ་དང་མཚོའི་ཆུ་ལོག་སྔོན་འགོག་གི“ཕྱོགས་བསྡུས་རྣམ་པའི”གྲངས་གཞིའི་མཛོད་བཙུཌ་ཤིང་། གྲོང་ཁུལ་གྱི་ཉང་ཆུའི་ཆུ་ལོག་སྔོན་འགོག་གི་གནད་དོན་ཐག་གཅོད་པར་དམིཌ་ཏེ། གྲོང་ཁུལ་གྱི་ཆུ་བོའི་དུམ་བུ་གལ་ཆེན་གྱི་ཆུ་ལོག་སྔོན་འགོག་གི“སྔོན་འགོག་བཞིའི”རྩི་ཐབས་དང་། རྩིས་ནུས། རྩིས་གཞི་བཅས་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་བརྟན་དུ་བཏང་བ་དང་། ཉང་ཆུའི་གྲོང་ཁུལ་དུམ་བུའི་དུས་ཐོག་གི་ལྟ་ཞིབ་ཚད་ལེན་དང་ཆུ་ལོག་སྔོན་འགོག་གི“སྔོན་འགོག་བཞིའི”དོ་དམ་བྱེད་ནུས་གསར་དུ་བསྐྲུན་ཁར། ཆར་ཆུ་དང་ཆུ་ལོག་སྔོན་འགོག་གི་ཆུ་དཔྱད་སྔོན་བརྡ་ཆ་ཚང་2དང་ཆུ་ལམ་གྱི་གནས་ཚུལ་སོགས་ཆུ་བེད་ཆེད་ལས་ཀྱི་དཔེ་དབྱིབས་ཞིབ་འཇུག་གསར་སྐྲུན་བྱས་ལ། གྲངས་འཛིན་ཆ་འདྲའི་འདྲ་བཟོའི་སྒུལ་བྱེད་འཕྲུལ་འཁོར་ཆ་ཚང་1གསར་དུ་བསྐྲུན་ཞིང་། དྲ་སྤྲིན་རྩིས་རྒྱག་དང་། AIཞབས་ཞུའི་ཡོ་ཆས། དྲ་རྒྱའི་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་བཏང་ནས་མདུན་སྣེའི་ལྟ་ཞིབ་ཚད་ལེན་གྲངས་གཞིའི་འཕར་ཚད་དོ་དམ་དང་། ཐག་གཅོད་བྱེད་ནུས། དང་ལེན་མྱུར་ཚད་བཅས་མཐོ་རུ་བཏང་བ་རེད།