དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་ཐོན་ཁུངས་ཁུལ་4000ལྷག་ཙམ་གསར་དུ་རྙེད་པ་དང་གསར་དུ་ཁས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

     ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་2023ལོའི་ཟླ་10པ་ནས་སྤེལ་འགོ་བཙུགས་པ་དང་མིག་སྔའི་བར་ཡུལ་སྐོར་ཐོན་ཁུངས་ཁུལ་བསྡོམས་7700ལྷག་ཙམ་ཡོངས་བཤེར་ཐུབ་པ་དང་ཡུལ་སྐོར་ཐོན་ཁུངས་ཁུལ་4000ལྷག་ཙམ་གསར་དུ་རྙེད་པ་དང་གསར་དུ་ཁས་ལེན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གཞུང་དོན་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། པད་ནག་ལུང་གཞུང་དང་། སྲིབ་ལུང་གཞུང་། རྭ་སྒྲེང་གཙང་པོ་ལུང་གཞུང་། དམར་གྲོང་རྡལ་ཚོན་ལྡན་བྱེ་ཕུང་། ལྷུན་གྲུབ་ཀྱི་ཚོན་ལྡན་བྱེ་ཕུང་། མལ་གྲོའི་གངས་དཀར་རྦབ་ཆུ། སྟག་རྩེ-ཆུ་ཤུར་གྱི་G318མཛེས་ལྗོངས་ལམ་བུ། ལྷུན་གྲུབ་ཀྱི་ཞིང་སྡེ། སྟག་རྩེའི་ཞིང་སྡེ། སྙེ་མོའི་ཞིང་སྡེ་སོགས་སྤུས་ཚད་ཅུང་ལེགས་པའི་གསར་དུ་རྙེད་པ་དང་གསར་དུ་ཁས་ལེན་བྱས་པའི་ཐོན་ཁུངས་ལ་དཔེ་མཚོན་དང་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་ཡོད། གདོད་མའི་རང་བཞིན་གྱི་རང་བྱུང་ཡུལ་ཁམས་དང་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དེ་དག་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ལྷུན་གྱིས་གྲུབ་པའི་རང་བྱུང་རི་མོ་ཞིག་ལྟར་གནམ་སའི་བར་དུ་སྒེག་ཉམས་རབ་ཏུ་མངོན་ཏེ་བརྗིད་ཉམས་ལྡན་བཞིན་མཆིས།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཀྱི་ལག་རྩལ་ཚད་གཞི་དང་ཚད་ལྡན་བླང་བྱ་གཞིར་བཟུང་། གདོད་མའི་དཔྱད་གཞི་ལེགས་སྒྲིག་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གྲུབ་འབྲས་ཀྱི་སྙན་ཞུ་བཟོ་བར་ཤུགས་སྣོན་བརྒྱབ་སྟེ། ལག་བསྟར་ཇུས་གཞིའི་དུས་ཚོད་དང་མཚམས་ཚིགས་ལྟར་སྤུས་ཚད་མཐོ་པོས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།