དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་འདབ་ཆགས་སྲུང་སྐྱོབ་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-22

    ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས“དུས་བྱའི་སྲོག་རྩ”དང“ཚེ་སྲོག་གི་བྱེའུ་ཚང”ཞེས་པའི་སྤུས་རྟགས་རྣམ་གྲངས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་དྲ་ཐོག་དང་དྲ་ཕྱི་ནས་མི་3400ལྷག་ཙམ་ཞུགས་ཡོད་པ་རེད།

    ད་ཐེངས་བྱེད་སྒོར་ཆེད་མངགས་བོད་ལྗོངས་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚེ་རིང་དང་དེ་བཞིན་རྒྱལ་ནང་གི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྲགས་ཅན་གྱིས་བཞད་དཀར་དང་། ཁྲུང་ཁྲུང་མགོ་ཁྲ། ངུར་པ་སེར་པོ་སོགས་འདབ་ཆགས་ཀྱི་ཁྱད་ཆོས་གཙོ་བོ་དང་། གློག་འཁྱུད་ལམ། འདབ་ཆགས་གློག་སྐུད་ལ་ཐུག་སྐབས་ཀྱི་ཐག་གཅོད་བྱེད་ཐབས། འདབ་ཆགས་རོགས་སྐྱོབ་སོགས་ཀྱི་གཞི་རྩའི་རྩལ་ནུས་དང་གནད་འགག་སློབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།