ཡངས་པའི་བྱང་གི་རྩྭ་ཐང་ནས། མདུན་སྐྱོད་གླུ་དབྱངས་སྙན་མོ་བླངས།
ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པ་གཉེར་བ།
འདི་ནི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་རྣམ་པ་ཡིན་པ།
འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་མང་ཚོགས་ཀྱིས་སྤྲོ་འཕེལ་ལུས་རྩལ་ལ་ལྟ་བཞིན་པ།
འདི་ནི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག་རྟ་རྩལ་འཁྲབ་སྟོན་རུ་ཁག་རྫིག་ཉམས་དོད་པོས་མཛད་སྒོར་ཡོང་བཞིན་པ།
འདི་ནི་བྱ་དགའ་སྤྲོད་པའི་མཚན་ཚོགས་ཐོག་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་དཔལ་མགོན་རྫོང་གི་མང་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་11གི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་ཁྲོད་ཞབས་བྲོ་འཁྲབ་བཞིན་པ།
འདི་ནི་མང་ཚོགས་ཀྱིས་གཞས་དང་ཞབས་བྲོ་འཁྲབ་ནས་བྱེད་སྒོ་འགོ་ཚུགས་པར་རྟེན་འབྲེལ་ཞུ་བཞིན་པ།
ཟླ་8ཚེས་9ཉིན། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཚན་ཚོགས་བདེ་བླག་གཉེར་ཞིང་། སྐབས་འདིའི་མདུན་སྐྱོད་བྱེད་སྒོའི་ཕུལ་བྱུང་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་རེད། མཚན་ཚོགས་འཚོག་ཡུལ་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་འཁྲུག་ཆ་ཧ་ཅང་དོད་ཅིང་། མི་རིགས་ཁག་གི་སྤུན་ཟླ་མིང་སྲིང་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ། བཞིན་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་དང་སྤྲོ་སེམས་འཁོལ་བའི་དགའ་སྐྱིད་ལྡན་པའི་རྣམ་པའི་ཁྲོད་དུ་སྐྱིད་པའི་དུས་ཆེན་དགའ་གཏོང་བྱས་ཡོད།
“འདི་ལོའི་རྟ་རྒྱུག་དུས་ཆེན་ཐོག‘ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་། བྱང་ཐང་རྟ་ཕོའི་བང་རྩལ་འགྲན’ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བྱང་རྩྭ་ཐང་གི་སྲོལ་རྒྱུན་རྟ་རྒྱུག་དེ‘གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད’ཀྱི་བྱེད་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། ཕུལ་བྱུང་རིག་རྩལ་འཁྲབ་སྟོན་དང་། སྲོལ་རྒྱུན་གྱི་རྟ་རྩལ་འགྲན་བསྡུར། ལུས་རྩལ་འགྲན་བསྡུར། ཚོང་དོན་དངོས་ཟོག་བརྗེ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་འདྲེན་དང་ངོ་འཕྲད་གྲོས་མོལ། ཡུལ་སྐོར་ཐོན་ཁུངས་འོས་སྦྱོར། མདུན་སྐྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་འགྱུར་བར་བྱས་པ་དེ་ནི་དུས་རབས་གསར་པར་ནག་ཆུའི་འཕེལ་རྒྱས་ཡར་ཐོན་དང་བསམ་པའི་ཉམས་འགྱུར་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་རེད”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་དབང་ཚེས་དེ་ལྟར་བརྗོད།
ཟླ་8ཚེས་12ཉིན་ནག་ཆུའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་བྱ་དགའ་ཐོབ་པའི་འཐུས་མིའི་དགའ་སྐྱེལ་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། བྱ་དགའ་ཐོབ་པའི་འཐུས་མི་ཚོས་ཕྱིས་འབྱུང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཞུགས་ནས། ཏང་གི་སྲིད་ཇུས་སྒྲོག་འགྲེལ་པ་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་བ། གྲོང་གསེབ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། སྐྱེ་ཁམས་བཟང་པོའི་བདག་སྐྱོང་བ་བཅས་བརྩོན་ལེན་བྱས་ཏེ། མཛེས་སྡུག་ལྡན་པའི་ཕ་ཡུལ་དང་ནག་ཆུ་སྐྲུན་ཆེད་ལེགས་སྐྱེས་མང་ཙམ་འབུལ་བ་དང་སླར་ཡང་བྱས་རྗེས་གསར་པ་ཧུར་ཐག་འཇོག་གི་ཡིན་ཞེས་བརྗོད་པ་རེད།