དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཐོན་པ།

    མཁའ་རླུང་སྤུས་ཚད་རབ་ཀྱི་ཉིན་གྲངས་བསྡུར་ཚད་96.9%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-18

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོ་ནས་བཟུང་། རང་ལྗོངས་ཀྱིས་སྤྱི་འདོམས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པ་བཅས་བྱས་པས་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་རྣམ་གྲངས་14ཚང་མ་འགོ་བརྩམས་པ་དང་མ་དངུལ་སྒོར་དུང་ཕྱུར་76དོན་འཁྱོལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཚོད་ལྟའི་ཁུལ་ཁག་གསུམ་པར་མིང་བཏགས་པ་2203ཟིན་པ་དང་། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་ཁག་བཞི་པ་འཛུགས་འགོ་ཚུགས་ལ། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མཁའ་རླུང་སྤུས་ཚད་རབ་ཀྱི་ཉིན་གྲངས་བ་སྡུར་ཚད་96.9%དང་། གཙང་པོ་དང་། ཆུ་བོ། མཚོ་མཚེའུ་བཅས་ཀྱི་ཆུའི་སྤུས་ཚད་རིགས་Ⅲཔའམ་དེ་ཡན་དུ་སླེབས་པའི་བསྡུར་ཚད་100%ཟིན་ཏེ་ས་རྒྱུའི་ཁོར་ཡུག་གི་གནས་སྟངས་སྤྱིར་ན་བརྟན་པོ་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིར་ན་བཟང་བ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།