དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཧོང་རུན་ཆིའུ་ཡིས་སྐྱེ་ཁམས་ཁོར་ཡུག་པུའི་ལས་དོན་ཚོཊ་ཆུང་གི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-18

     ཟླ་7ཚེས་13དང་14ཉིན་སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་དུ་ཧོང་རུན་ཆིའུ་ལྷ་ཀླུ་འདམ་ར་དང་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གཙང་སེལ་ལྟེ་གནས་སུ་ཕེབས་ནས“ལྗང་ཕུབ”རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱས་ཚུལ་དང་ཨར་སྐྲུན་གད་སྙིགས་གཙང་སེལ་བྱས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཅིག་གྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་དང་། ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གཙང་སེལ་གྱི་ནུས་པ་ཆེ་རུ་བཏང་ནས་ཨར་སྐྲུན་གད་སྙིགས་ལ་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ཡག་པོ་བྱས་ཏེ་ལྷུ་ཚིགས་ཁག་ལ་ལྟ་སྐུལ་གྱི་གདུབ་ཟུམ་ཆགས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་དུ་ཧོང་རུན་ཆིའུ་ཡིས་སྔ་རྗེས་སུ་གཏིང་སྐྱེས་རྫོང་གི་ཁྱད་ལྡན་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་རྟེན་གཞི་དང་གཏིང་སྐྱེས་རྫོང་གཡས་རུ་གཙང་པོར་བརྟག་ཞིབ་གནང་ཞིང་། ཁོང་གིས་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་འདོན་སོགས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་ལ་བརྟེན་ནས་ཉམས་གསོ་ཕལ་པར་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཧོང་རུན་ཆིའུ་དང་བཅས་པ་ད་དུང་གཏིང་སྐྱེས་རྫོང་ཆ་ཚང་སློབ་ཆུང་དང་གཏིང་སྐྱེས་རྫོང་ལྟེ་བའི་སྨན་ཁང་དུ་ཕེབས་ནས་དགེ་སློབ་དང་དེ་བཞིན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་སྨན་དོན་པར་གཟིགས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་པུའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པར་ཡང་གཟིགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།