དྭངས་གཙང་ཆུ་མོ་ཤང་ཤང་རྒྱུགས། མཛེས་སྡུག་ཡུལ་ལྗོངས་ཡུན་དུ་གནས།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས“གྲི་གུ་མཚོའི་ཉེ་འགྲམ་དུ་སྔོ་ལྗང་གོས་བཟང་བཀླུབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་སྐོར་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ་སྐབས་གཉིས་པ་སྤེལ་ཞིང་། བྱེད་སྒོའི་ཁྲོད་དང་བླངས་པ་ཚོས་ལག་ཏུ་རྩྭ་རས་འཁྱེར་ཏེ་གྲི་གུ་མཚོའི་འགྲམ་དང་འགྲོ་ལམ་གཡས་གཡོན་གྱི་གད་སྙིགས་སྣ་ཚོགས་སྒྲུག་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་མི་282ཞུགས་པ་དང་གད་སྙིགས་སྣ་ཚོགས་ཏུན་5ཙམ་གཙང་སེལ་བྱས་པ་རེད།
འདི་ནི་དང་བླངས་པས་གད་སྙིགས་སྒྲུག་བཞིན་པ།