ལྟ་ན་སྡུག་པའི་གྲོང་གསེབ་ཀྱིས། ཕྱོགས་བཞིའི་སྐུ་མགྲོན་འཛུམ་གྱིས་བསུས།
ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ཀྱི་འགྲེལ་བཤད་པར་གྱུར་པའི་དཀྲོགས་གྲོང་ཚོའི་མང་ཚོགས་ཡིན་པ།
ཡུལ་སྐོར་བས་ཡུལ་ཟོག་ཉོ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། དཀྲོགས་གྲོང་ཚོ་གཙོ་གནད་སྔོན་སྒྲུབ་ཚོད་ལྟར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་འབབ་འཕར་ཐབས་ལམ་གྱི་ཐབས་ཇུས་དངོས་བཏོན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་ཟམ་མི་ཆད་པར་བྱས་པ་རེད།
དཀྲོགས་གྲོང་ཚོས་སྔོན་སྒྲུབ་ཚོད་ལྟའི་ལས་དོན་སྤེལ་རིང་གསར་གཏོད་ཕོད་པ་བྱས་ཏེ་རྒྱལ་ཡོངས་ཤེས་དཔལ་གྲོང་ཚོའི་རྨང་གཞི་བཟང་པོར་བརྟེན་ནས་ད་ཡོད་ཀྱི་སྒོ་རའི་དཔལ་འབྱོར་དང་བི་ཤུའི་ར་བ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། དམངས་སྲོལ་ཉམས་ལེན་ཡུལ་སྐོར་གསར་སྤེལ་དང་འཕེལ་རྒྱས་གཏིང་ཟབ་བཏང་བར་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། མིག་སྔར། གྲོང་ཚོ་དེའི་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་སུ་གྲོང་ཚོ་དེ་གའི་མང་ཚོགས་8བསྡུས་ནས་འཁོར་གཏོང་ཡུལ་སྐོར་བའི་དཔུང་ཁག་ལ་སྣེ་ལེན་ཞུ་རུ་བཅུག་སྟེ་དམངས་སྲོལ་རིག་གནས་ལ་འགྲེལ་བཤད་དང་དེ་བཞིན་བི་ཤུའི་ཚ་ཁ་ལྟ་བར་དཔེ་སྟོན་བྱེད་ཀྱི་ཡོད། ན་ནིང་ཟླ་3པ་ནས་མིག་སྔའི་བར། འཁོར་གཏོང་ཡུལ་སྐོར་བ་ཁག་ཐེངས་11དང་མི་གྲངས་350ལ་སྣེ་ལེན་ཞུས་ནས་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་6ལྷག་ཙམ་བྱུང་བ་དང་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་4.5བྱུང་ཡོད།