དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་མཚོ་མོ་ཆེ་ཤོས་སེར་གླིང་མཚོའི་དབྱར་དུས་ཀྱི་མཛེས་ལྗོངས།

  •     སྤེལ་དུས།  2024-06-26

    ཟླ་6ཚེས་22ཉིན་པར་བླངས་པའི་སེར་གླིང་མཚོ་ཡིན་པ།

    གཡང་དཀར་ལུག་ཁྱུ་སེར་གླིང་མཚོའི་ཉེ་འགྲམ་དུ་རྩྭ་ཆུར་རོལ་བཞིན་པ།

    སེར་གླིང་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་བོད་ཀྱི་མཚོ་ཆེ་ཤོས་རེད། དབྱར་དུས་སུ་བེེཌཱུརྱའི་མདོག་ལྟར་སྔོ་བའི་སེར་གླིང་མཚོ་དང་མཚོ་འགྲམ་དུ་རྩྭ་ཆུར་རོལ་བཞིན་པའི་གཡང་དཀར་ལུག་ཁྱུ་ལས་གྲུབ་པའི་ཡུལ་ལྗོངས་ནི་དེ་བས་ལྟ་ན་སྡུག་པ་ཞིག་ཡོད།

    ཉེ་བའི་ལོ་ཤས་རིང་། སེར་གླིང་མཚོའི་མཐའ་འཁོར་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་མཛེས་ལྗོངས་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བས། ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་སེར་གླིང་མཚོའི་ཆུ་ཞེང་རྒྱ་ཁྱོན་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།