དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་གཉེར་བར་ཡིད་རྟོན་གཉེར་སྐྱོང་དང་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    ཡུལ་སྐོར་གཉེར་སྐྱོང་བྱེད་པོས་ཁྲིམས་མཐུན་ལུགས་མཐུན་ངང་གཉེར་སྐྱོང་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་འཕེལ་རྒྱས་གསར་པ་ཡོང་བར་རམ་འདེགས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་གཉེར་བ་སྒྲིག་འཛུགས་བྱས་ནས་ཡིད་རྟོན་གཉེར་སྐྱོང་དང་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། ཕྱི་ཕྱོཌ་དང་འབྲེལ་བ་ཡོད་པའི་བཟའ་བཏུང་ལས་རིགས། ཡུལ་སྐོར་ཉོ་སྒྲུབ་ཚོང་ར་ཆེ་གྲས་བཅས་ཀྱི་འགན་འཁུར་བ་སོགས་མི་70ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་བའི་ནང་དོ་ཁུར་བྱེད་མང་བའི་རིན་གོང་དང་། བཟའ་བཅའི་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་སོགས་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས་ཤིང་། བཟའ་བཏུང་ཚན་པ་དང་། ཡུལ་སྐོར་ཉོ་སྒྲུབ་ཚོང་ར། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་དང་ཞུ་གཏུག་དང་ཐེར་འདོན་བདག་སྤྲོད་དེ་བཞིན་གླེང་ཕྱོགས་བཅས་དང་ཟུང་འབྲེལ་བྱས་ཏེ། དེ་དག་ལས་མངོན་པའི་ཉེན་ཁ་དང་ཉམས་ཞན་ལྷུ་ཚིགས་བསྟན་པ་དང་། རིན་གོང་ཚད་ལྡན་དུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན། དམིགས་བསལ་སྒྲིག་ཆས་ཀྱི“གཏན་འབེབས་གཉིས”དོན་འཁྱོལ་དང་དེ་བཞིན་གཉེར་སྐྱོང་བའི་འོས་འགན་ལག་བསྟར་སོགས་ལ་དམིགས་ཏེ། དཔེ་མཚོན་གྱོད་དཔེ་དྲངས་ནས་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ལས་གཉེར་བར་ཉེན་ཁ་སྔོན་འགོག་བྱས་ཏེ། གཉེར་སྐྱོང་ལུགས་མཐུན་ངང་བྱེད་དགོས་པའི་མཛུབ་ཁྲིད་ཀྱང་བྱས་པ་རེད།

    འབྲེལ་ཡོད་མི་སྣས། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ཚང་མས་ཁྲིམས་ལྟར་གཉེར་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཟབ་མོ་ཐུབ་ནས་ཉེན་ཁར་ཁ་གཏད་གཅོག་ནུས་དང་ཁྲིམས་མཐུན་ལུགས་མཐུན་ངང་གཉེར་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཏེ། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་བྱེད་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་ཐེབས་པ་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་བསྣན་ཡོད་ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།