ལྷ་ས་སོགས་ས་ཁུལ་8ཤང་ཀང་དང་ཨའོ་མོན་དུ“མི་སྒེར་གྱི་ཡུལ་སྐོར་བྱེད་པའི་གསལ་མཆན་འགོད”པའི་གྲོང་ཁྱེར་གྱི་གྲས་སུ་གྱུར་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འཛུལ་གྲོལ་དོ་དམ་ཅུས་ཀྱིས་2024ལོའི་ཟླ་5ཚེས་27ཉིན་ནས་བཟུང་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དང་། ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་བཅས་གྲོང་ཁྱེར་8ཀྱི་ཆ་རྐྱེན་དང་མཐུན་པའི་མི་སྣར་ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་བྱེད་པའི“མི་སྒེར་གྱི་ཡུལ་སྐོར་གསལ་མཆན་འགོད”པའི་ཐད་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
གོང་གསལ་ཐེམ་ཁོངས་གྲོང་ཁྱེར་8ནས་ཡིན་པའི་ཡུལ་མི་དང་དེ་བཞིན་གནས་སྡོད་ལག་ཁྱེར་ཡོད་མཁན་གྱིས་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འཛུལ་གྲོལ་དོ་དམ་གྱི་མི་ཐབས་ལས་གཉེར་ཁང་ངམ་ཡང་ན་མི་ཐབས་ལས་གཉེར་ཁང་དུ་བཙུགས་པའི་རིག་ནུས་གསལ་མཆན་འགོད་པའི་སྒྲིག་ཆས་ལ་རེ་ཞུ་བྱས་ཏེ། “མི་སྒེར་གྱི་ཡུལ་སྐོར་གསལ་མཆན་འགོད་པ”འམ་ཡང་ན“ཚོགས་པའི་ཡུལ་སྐོར་གྱི་གསལ་མཆན་འགོད་པའི”འགྲོ་ལུགས་གཉེར་ཆོག“མི་སྒེར་གྱི་ཡུལ་སྐོར་གསལ་མཆན་འགོད་པའི”ནང་ཤང་ཀང་དུ་སྐྱོད་སྐབས་ཟླ་བ་3ལ་གསལ་མཆན་ཐེངས་རེ་འགོད་པ་དང་། ཟླ་བ3ལ་གསལ་མཆན་ཐེངས་གཉིས་རེ་འགོད་པ། ལོ་1ལ་གསལ་མཆན་ཐེངས་རེ་འགོད་པ། ལོ1ལ་གསལ་མཆན་ཐེངས་གཉིས་རེ་འགོད་པ། ཨའོ་མོན་དུ་སྐྱོད་སྐབས་ཟླ་བ3ལ་གསལ་མཆན་ཐེངས་རེ་འགོད་པ་དང་ལོ་1ལ་གསལ་མཆན་ཐེངས་རེ་འགོད་པ་བཅས་ཚུད། གསལ་མཆན་བཀོད་རིགས་ཀྱི་ཐེངས་རེར་ཤང་ཀང་ངམ་ཨའོ་མོན་དུ་སྡོད་ཡུན་ཉིན7ལས་བརྒལ་ཆོག་གི་མེད།