དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ། ཡུལ་ལུང་བཀོད་པ་སྣུམ་ཚིལ་ཚིལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-28

    ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པའི་རྫ་ཡུལ་རྫོང་གི་ཡན་ལག་ཚོགས་ར་དང་མགོ་ཡུལ་ཤང་ལོ་མ་གྲོང་ཚོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་པ་རེད། “ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ། ཡུལ་ལུང་བཀོད་པ་སྣུམ་ཚིལ་ཚིལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྫ་ཡུལ་རྫོང་གི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཡན་ལག་ཚོགས་རས་ཡུལ་སྐོར་བ་མང་པོ་དེ་གར་ཡུལ་སྐོར་དང་སྤྲོ་གསེང་དུ་ཡོང་འདོད་ཀྱི་འགྲམ་ཆུ་ལྡང་དུ་བཅུག་ཡོད།

    པར①དང②ནི་རྫ་ཡུལ་རྫོང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རྟ་རྒྱུག་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་རྫ་ཡུལ་རྫོང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་DIYབྱེད་སྒོ་སྤེལ་ཡུལ་ཡིན་པ་དང་། བྱེད་སྒོར་ཞུགས་མཁན་ཚོས་ལྷུག་པོར་བཞད་པའི་ཁམ་བུའི་མེ་ཏོག་རི་མོའི་དཔྱད་གཞིར་བྱས་ནས་ཁྲ་རིས་རི་མོ་བཟོ་བཞིན་པ།

    འདི་ནི་རྫ་ཡུལ་རྫོང་མགོ་ཡུལ་ཤང་ལོ་མ་གྲོང་ཚོའི་ཁམ་བུའི་མེ་ཏོག་དང་སྔོ་ལྗང་ཅན་གྱི་སྤང་ལྗོངས་གཉིས་ཕན་ཚུན་རྒྱན་དུ་གྱུར་བ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།