དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མའི་ས་ཁོངས་སུ་5G-Aཡི་སྦྲེལ་ཚུགས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-27

    ཟླ་4ཚེས་24ཉིན་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་ཇོ་མོ་གླང་མའི་ས་ཁོངས་སུ་5G-Aསྦྲེལ་ཚུགས་ཐོག་མ་ཤར་གཏོང་བྱས་པ་དེ་ཐོག་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡང་5G-Aདུས་རབས་སུ་སླེབས་པ་མཚོན་ཡོད། 5G-Aདྲ་རྒྱ་ཡིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་དང་། རི་འཛེག ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱེད་སྒོར་དྲ་རྒྱའི་རྒྱབ་སྐྱོར་དེ་བས་ཆེན་པོ་བྱ་རྒྱུ་རེད།

    2020ལོའི་ཟླ་4པར་ཀྲུང་གོ་སྒུལ་བདེས་ཀྲུང་གོའི་5Gབརྡ་རྟགས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་ཁྱབ་པར་བྱས་ཡོད། དེ་ནི་མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་5Gསྦྲེལ་ཚུགས་ཤིག་ཡིན་པ་རེད། ལོ་4ཡི་རྗེས་ལ་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་དཀའ་ངལ་ཁྱད་དུ་བསད་ནས་ཇོ་མོ་གླང་མར་5G-Aསྦྲེལ་ཚུགས་ཤར་གཏོང་བྱས་ཏེ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསར་དར་ལས་སྒོ་དང་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་བསྐངས་དང་སྐོང་བཞིན་ཡོད། ཡུལ་སྐོར་བས་སྐབས་ཐོག་ཏུ་བརྙན་ལམ་ཁ་པར་གཏོང་བ་དང་གསལ་ཚད་མཐོ་བའི་བརྙན་ལམ་དང་ཐད་གཏོང་ལྟ་ཐུབ་པ་དང་། ཐད་གཏོང་བྱེད་མཁན་ཚོས་5G-Aདྲ་རྒྱ་སྤྱད་དེ་སྐབས་ཐོག་ཏུ་བསྟན་བྱ་དྲ་ལམ་དུ་བསྐུར་ཐུབ་པ། མཛེས་ལྗོངས་ཁུལ་གྱི་ལས་དོན་པས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དྲ་ལམ་དུ་བསྐུར་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་དང་ཞིབ་འཇུག་ནུས་ལྡན་བྱེད་ཐུབ་པ་མ་ཟད། ད་དུང་རི་འཛེག་པར་དེ་བས་བློས་འགེལ་ཆོག་པའི་མྱུར་སྐྱོབ་འཕྲིན་གཏོང་གི་འགན་སྲུང་ཡང་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།