དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་ལས་ཕྱོད་ཆེ་རུ་བཏང་བ།

    མི་མེད་གནམ་གྲུས་ལྷོ་རི་བྱང་རི་སྔོ་ལྗང་དུ་འགྱུར་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ལུང་ཤུར་དུ་མི་མེད་གནམ་གྲུས་རི་སྟེང་དུ་སྡོང་ཕྲུག་དབོར་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་གྲོང་མིས་ལྗོན་ཤིང་འཛུགས་བཞིན་པ།

    2021ལོར་རང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་པ་དང་ལོ་10ཡི་ནང་ནགས་བཟོ་མུའུ་ཁྲི་206.72ལེགས་སྒྲུབ་བྱས་ནས་ལྷ་ས་འདི་ཉིད“ལྷོ་རི་བྱང་རི་སྔོ་ཁེབས་ཀྱིས་བཀླུབས། གནའ་གྲོང་དྭངས་གཙང་ཆུ་མོས་བསྐོར་བའི”སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ས་མཐོའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དུ་བསྐྲུན་རྩིས་ཡོད་པ་རེད། 2024ལོར། རང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རིར་ནགས་བཟོ་མུའུ་ཁྲི་45ཡན་ལེགས་གྲུབ་བྱ་རྩིས་ཡོད། མི་དང་རྟ་ཡི་ཁུར་བ་དང་བསྡུར་ན་ད་ཆ་མི་མེད་གནམ་གྲུ་སོགས་ཚན་རྩལ་བེད་སྤྱོད་བྱས་པ་ལས་རི་མཐོ་གཡང་གཟར་དང་ཆུ་དཀོན་པའི་ས་མཐོར་ལྗོན་ཤིང་འཛུགས་པར་དཀའ་ངལ་དེ་ཙམ་མེད།

    སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བའི་ཐད་ཚན་རྩལ་གྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ལུང་ཤུར་དུ་བཀོལ་སྤྱོད་པས་ཞིང་སྤྱོད་རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུ་བཏང་སྟེ། སྐར་མ་གཅིག་གི་ནང་གནས་སྤོས་ས་རྒྱུ་རི་ལྡེབས་སུ་དབོར་བ་གསར་འགོད་པས་མཐོང་བྱུང་། ཤིང་འཛུགས་བཟོ་པ་པ་སངས་བཀྲ་ཤིས་ཀྱིས“འདི་གར་གཡང་གཟར་པོ་ཡོད་པས་མི་མེད་གནམ་གྲུ་སྤྱད་ན་སྟབས་བདེ་ལ་བདེ་འཇགས་ལྡན་པ་ཞིག་འདུག”ཅེས་བཤད།

    དོག་སྡེ་ལུང་ཤུར་གྱི་ཡུག་ཁུལ་དང་པོའི་མི་མེད་གནམ་གྲུ་བཀོལ་སྤྱོད་པ་ཚེ་དབང་གིས“ང་ཚོའི་རི་ལྡེབས་སུ་དྲེལ་གྱིས་དབོར་ན་ཆུ་ཚོད་གཅིག་འགོར་བ་དང་དབོར་ཐེངས་རེར་སྡོང་རྐང་20དབོར་གྱི་ཡོད། ད་ཆ་མི་མེད་གནམ་གྲུ་སྤྱད་ན་ཐེངས་རེར་སྡོང་པོ་རྐང་6ནས་8དབོར་ཐུབ་པ་དང་དབོར་ཐེངས་རེར་སྐར་མ་6ལས་འགོར་གྱི་མེད། ཉིན་གཅིག་ལ་རྩིས་བརྒྱབ་ན་མི་མེད་གནམ་གྲུ་གཅིག་གིས་དྲེལ་8ནས་14བར་གྱི་ཉིན་གཅིག་གི་ལས་ཀ་བྱེད་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་མེད་གནམ་གྲུ་སྤྱད་དེ་ས་དང་སྡོང་པོ་དབོར་བ་ནི་ཡུག་ཁུལ་ཁག་གིས་ལམ་གཡང་གཟར་པོར་མི་ཐབས་ལ་བརྟེན་ནས་དབོར་ཚེ་དུས་ཚོད་འགོར་པོ་ཡོད་པ་མ་ཟད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ལག་བསྟར་བྱེད་པའི་བྱ་ཐབས་ཀྱི་གྲས་ཤིག་རེད། གཞན་ཡང་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ཁྲོད་ད་དུང་འབྲེང་ཟམ་དང་འཕྲུལ་འཁོར་སོགས་ཡོ་ཆས་སྣ་ཚོགས་སྤྱད་ཡོད་པ་རེད།

    “ཆུ་གློག་ལམ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཡིན་ནའང་འདྲ་ཡང་ན་མི་མེད་གནམ་གྲུར་བརྟེན་ནས་དབོར་ཡང་རུང་། བྱ་ཐབས་འདི་དག་ཚང་མ་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་ལག་བསྟར་ཐུབ་ཆེད་རེད” ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲང་ཏེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྔོ་ཁེབས་འདེམས་སྐབས་ཚན་ཞིབ་ཚོགས་པས་ད་དུང་རྒྱང་ཚོར་ལག་རྩལ་བརྒྱུད་ས་གནས་དེ་གའི་གནམ་གཤིས་དང་ས་རྒྱུ་སོགས་རང་བྱུང་ཆ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། ལྷ་སའི་ལྷོ་རི་བྱང་རིར་སྐྱེ་འཚར་ཐུབ་པའི་རྩྭ་རྩི་ཤིང་རིགས་བདམས་ཏེ་སྔོ་འགྱུར་ཕན་འབྲས་ཀྱི་རྒྱུན་སྲིང་རང་བཞིན་དང་སྐྱེ་ཁམས་ཀྱི་མཐུན་སྦྱོར་རང་བཞིན་འགན་ལེན་བྱས་ཡོད།

    དེ་དང་ཆབས་ཅིག་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རིག་ནུས་ཆུ་གྲོན་ཆུང་གི་ཆུ་འདྲེན་སྒྲིག་ཆས་སོགས་སྤྱད་པས་ཆུའི་ཐོན་ཁུངས་སྤྱོད་པའི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ཆུ་མང་དྲགས་པ་ལས་ས་རྒྱུའི་གྲུབ་ཆར་གཏོར་བཤིག་ཕོག་རྒྱུ་སྔོན་འགོག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།