པར་རིས་གསར་འགྱུར།
ཟླ་4པར། ཉིང་ཁྲིར་རྒྱང་རིང་གི་གངས་རི་དང་། རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག ཆུ་འགྲམ་དུ་ངལ་གསོ་བའི་ཁྲུང་ཁྲུང་སྐེ་ནག་བཅས་ལས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་དཔྱིད་ཀྱི་རྣམ་པ་ཞིག་མངོན་ཡོད། དེ་ནི་ཉིང་ཁྲིའི་འདི་ལོའི་གནས་སྤོ་ལ་ཉེ་བའི་ཁྲུང་ཁྲུང་སྐེ་ནག་མཐའ་མ་དག་ཡིན་པ་དང་སྔོན་དཔག་བྱས་ན་ཁོ་ཚོ་ཟླ་བཞི་པའི་ཟླ་མཇུག་ཏུ་མཚོ་སྔོན་སོགས་ཀྱི་ཕྱོགས་སུ་འཕུར་ཏེ་དགུན་སྒྲོལ་ཁུལ་ནས་སྐྱེ་འཕེལ་ཁུལ་དུ་གནས་སྤོ་རྒྱུ་རེད། འདི་ནི་ཁྲུང་ཁྲུང་སྐེ་ནག་འཕུར་བཞིན་པ།