དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བྱེ་ཐང་ཁུལ་དུ་སྨྱུག་རྩ་བཏབ། སྔོ་ལྗང་ཡུལ་ལྗོངས་ལྟ་ན་སྡུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-07

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་བོད་ཡུལ་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་རྟེན་གཞིར་བུད་མེད་ཁ་ཤས་ཀྱིས་དྲོད་ཁང་ནང་སྨྱུག་རྩ་བཀོག་བཞིན་ཡོད་པ་དང་། བྱེ་གཤོང་སེར་པོའི་སྟེང་མིག་ལམ་དུ་རིང་ཐུང་ཁོའེ་ཙེ་དང་ཕྲ་སྦོམ་མཐེ་བོང་དང་འདྲ་བའི་སྨྱུག་ལྗང་སྟར་པ་རེ་རེ་བཞིན་སྐྱེ་འཚར་བཟང་པོ་ཡོད་པ་མངོན།

    ཡུལ་བབ་དང་བསྟུན་ནས་ཁེ་ལས་ནང་འདྲེན་བྱས་པ།

    རྔ་སྒྲ་ཤང་ནི་ཡར་ཀླུང་གཙང་པོའི་ཡངས་ཤིང་རྒྱ་ཆེ་བའི་ཁུལ་དུ་གནས་པ་དང་དེར་བྱེ་ཐང་ཉིན་རེ་ལས་མ་འདས་པར་རྒྱ་ཆེར་ཕྱིན་མོད། འོན་ཀྱང་ས་རྒྱུ་ཞན་པའི་བྱེ་ཐང་དེ་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཀྱི་ནོར་གཞོང་ལ་གྱུར་ཡོད།

    “སྨྱུག་རྩ་ནི་ཁོར་ཡུག་འདི་ལྟ་བུའི་འོག་སྐྱེ་འཚར་བཟང་པོ་ཡོད། དེ་གའི་སྐྱེ་ལྡན་སྨྱུག་རྩའི་སྤུས་ཚད་མཐོ་བ་དང་འཚོ་བཅུད་ལེགས་པ་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ཀྱང་ལེགས་སུ་གཏོང་ཐུབ”ཅེས་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཏུང་ཕིང་གིས་ངོ་སྤྲོད་བྱས། ཁོང་གིས་སྨྱུག་རྩ་ནི་ལོ་མང་སྐྱེས་ཐུབ་པ་དང་ཕན་འབྲས་ཆེ་བའི་དཔལ་འབྱོར་སྐྱེ་དངོས་ཤིག་རེད། གཡོག་བྱེད་ཡག་པོ་བྱས་ནས་འདེབས་འཛུགས་ཐེངས་གཅིག་བྱས་ཚེ་ལོ་10ལྷག་ཙམ་བསྟུད་མར་བསྡུ་ཆོག་པ་མ་ཟད། དེ་ཉིད་འཕྲོད་ཤུགས་ཆེ་བ་དང་རྩ་བའི་རིང་ཚད་ལ་སྨི་2ཟིན་ཏེ་ས་སྲུང་བྱེ་འཇགས་ཐུབ་ནས་སྐྱེ་ཁམས་དང་། དཔལ་འབྱོར། བདེ་ཐང་བཅས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    རྔ་སྒྲ་ཤང་དུ་དྲོད་ཟེར་གྱི་ཐོན་ཁུངས་ལེགས་ལ་བཟོ་ལས་ཀྱི་སྦགས་བཙོག་མེད་པ་དང་། ས་ཁོད་སྙོམས་ཤིང་རྒྱ་ཆེ་བས་ཡུག་གཅིག་ཏུ་གསར་སྤེལ་བྱེད་བདེ་པོ་ཡོད། གོང་དཀར་གནམ་ཐང་དང་བར་ཐག་ཅུང་ཉེ་ཞིང་རྩེ་གོང་མྱུར་བགྲོད་གཞུང་ལམ་འཁྲིས་སུ་ཡོད་པས་འགྲིམ་འགྲུལ་གྱི་ལེགས་ཆའང་ཆེན་པོ་ལྡན་ཡོད། རྒྱུ་རྐྱེན་དེ་དག་མཉམ་དུ་འཛོམས་སྟབས་གཞི་ཁྱོན་ཅན་གྱི་བྱེ་སའི་སྐྱེ་ལྡན་ཞིང་ལས་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་ཕྱིར་དེ་ནི་ལི་ཏུང་ཕིང་གིས་གདམ་ག་བྱས་པའི་ལས་གཏོད་ཀྱི་རྨང་གཞི་རེད།

    2019ལོར་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་དང་། དེ་བཞིན་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་གདན་ཞུས་ལྟར་བརྩོན་ལེན་དང་སྲིད་ཇུས་ཀྱི་སྐུལ་ལྕག་འོག བོད་དུ་རྟོག་ཞིབ་བྱེད་པར་ཐེངས་མང་ཡོང་བའི་ལི་ཏུང་ཕིང་གིས་རྔ་སྒྲ་ཤང་དུ་མ་འཇོག་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་པ་རེད།

    ལོ་དེའི་ཟླ་8པར། བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། གྲམ་མདའ་གྲོང་ཚོའི་བྱེ་ཐང་མུའུ་3700བརྒྱུད་བཤུག་བཏང་ནས་ཚད་ལྡན་ཅན་གྱི་ཤེལ་ཁང་སྐྲུན་འགོ་བཙུགས་ཏེ་ས་མཐོའི“བྱེ་ཐང”སྟེང“ལྗང་མདོག་གི་བྱས་རྗེས་ངོ་མཚར་ཅན”བཏོད་ཡོད་པ་རེད།

    འཕེལ་རྒྱས་གཏོང་བའི་དུས་ལ་བབ།

    “ལོ་དེ་དག་ནང་། ང་ཚོས་ཞིང་ལས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྨྱུག་རྩ་དང་། སུར་པན། ཤིས་ཀྭ ཁམ་སེར་སོགས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་30ལྷག་ཙམ་འདེབས་གསོ་བྱས་པའི་ནང་སྨྱུག་རྩ་ནི་མངོན་གསལ་དོད་ཤོས་ཤིག་ཡིན་པ་དང་དེར་སྤུས་ཀ་ལེགས་པའི་ཞིང་ལས་ཐོན་རྫས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད”ཅེས་ལི་ཏུང་ཕིང་གིས་བརྗོད།

    བྱེ་ཐང་གི་ཞིང་ལས་འཕེལ་རྒྱས་གཏོང་བར་འོས་ཤིང་འཚམ་པའི་ས་བོན་དགོས་ལ། ཁོར་ཡུག་ལེགས་བཅོས་ཀྱང་བྱེད་དགོས།

    “དེ་སྔ་དེ་གར་ཚང་མ་བྱེ་མ་ཡིན་པ་དང་། ད་ཆ་བྱེ་ཞིང་ལ་གྱུར་ཡོད”དེ་ནི་ས་རྒྱུ་ལེགས་སུ་བཏང་བའི་གྲུབ་འབྲས་ཤིག་ཡིན་པས་སྐྱེ་ཁམས་ལེགས་སུ་གཏོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཅེས་ལི་ཏུང་ཕིང་གིས་བརྗོད།

    དེས་མ་ཚད་བོད་ཡུལ་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་དང་ཐོག་ལེགས་བཅོས་བྱས་པའི་ས་ཆ་མུའུ་105ལ་སྐྱེ་ལྡན་གྱི་བདེན་དཔང་ཐོབ་པ་དང་། དེ་ནས་ཐོན་པའི་ཤིང་འབྲས་དང་སྔོ་ཚལ་དག་སྐྱེ་ལྡན་གྱི་ཤིང་འབྲས་དང་སྔོ་ཚལ་གྱི་ཚད་གཞི་དང་མཐུན་ཡོད་པས། ཁེ་ལས་དེ་ལྗོངས་ཡོངས་ཀྱི་སྐྱེ་ལྡན་གྱི་བདེན་དཔང་ཐོབ་པའི་སྔོ་ཚལ་དང་ཤིང་འབྲས་ཁེ་ལས་དང་པོར་གྱུར་པ་དང་། 2023ལོར་ད་དུང“རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས”དང“རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་གླིང”ལ་གཏན་འཁེལ་བྱས་པ་རེད།

    རྟེན་གཞིའི་འགྲེམས་སྟོན་ཚོམས་ཆེན་ནང་བདེན་དཔང་སྙན་ཞུ་མང་དག་ཅིག་སྦྱར་ཡོད་པ་དེ་ནི་ཁེ་ལས་ཀྱིས་ལོ་བཞི་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཞིག་རེད།

    བྱེ་ཐང་སྔོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པ།

    ལོ་འགའ་ཤས་འབད་བརྩོན་བྱས་པ་བརྒྱུད། 2023ལོར་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱས་པའི་སྨྱུག་རྩ་སོས་པ་ཁག་དང་པོ་གནམ་གྲུ་ནས་ཧྲང་ཧའེ་དང་། ཁྲེང་ཏུའུ། ཁྲང་ཧྲ་སོགས་སུ་དབོར་བ་རེད། དེ་རྗེས་ཉིན་གསུམ་བཞི་ཡི་ནང་སྨྱུག་རྩ་བོད་ནས་ཕྱི་ཕྱོགས་སུ་ཐེངས་རེ་དབོར་གྱི་ཡོད། སྨྱུག་རྩ་འཐུ་བསྡུ་ནས་སྡེབ་སྐྱེལ་བྱེད་པའི་བར་ཉིན་གཅིག་ནང་ཚུན་དུ་ས་མཐོའི་སྨྱུག་རྩ་སོས་པ་ལེ་དབར་སྟོང་གིས་ཆོད་པའི་འཛད་སྤྱོད་པས་བྲོ་བ་མྱོང་ཐུབ་ཀྱི་ཡོད།

    བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཁེ་ལས་ཀྱིས“ཡར་ཀླུང་གཙང་པོའི་ངོ་མཚར”ཞེས་པའི་ས་མཐོའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ནས་ཧོ་མཱ་ཤན་ཧྲེང་སོགས་དྲ་ཕྱིའི་གྲགས་ཅན་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། རིམ་པ་མཐོ་འབྲིང་གི་གསོལ་མགྲོན་ཁང་བཅས་ལ་མཁོ་འདོན་བྱས་པ་མ་ཟད། དྲ་བའི་ཕྱིར་འཚོང་བྱེད་ཐབས་ཀྱང་བཏོད་པ་རེད། 2023ལོར་སྐྱེ་ལྡན་སྨྱུག་རྩའི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་ཡོད་པ་རེད།

    “ད་ལོ་སྨྱུག་རྩ་སྐྱེ་འཚར་བཟང་པོ་འདུག་པས་སྔོན་དཔག་བྱས་ན་ཐོན་འབབ་ལྡབ་འཕར་ཡོང་བཟོ་འདུག”ཅེས་ལིན་ཏུང་ཕིང་གིས་གདེང་ཚོད་ཆེན་པོས་བཤད།

    སྣེ་འདྲེན་ཁེ་ལས་གཅིག་ནང་འདྲེན་བྱས་པ་དང་ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ། རྟེན་གཞིས་གྲམ་མདའ་གྲོང་ཚོའི་ས་ཞིང་བརྒྱུད་བཤུག་བཏང་བར་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་3ཡོང་གི་ཡོད་པ་མ་ཟད་ཡུལ་མི་11ཡུན་རིང་གླ་པར་བསྡུས་པ་དང་། ཉིན་རེར་ཆ་སྙོམས་ཡུལ་མི་20ནས་50བར་སྟབས་བསྟུན་གླ་པར་བསྡུ་གི་ཡོད།

    གྲམ་མདའ་གྲོང་ཚོའི་ཡུལ་མི་ཚེ་རིང་སྒྲོལ་མ་དང་བཟའ་ཟླ་ཨོ་རྒྱན་ཚེ་སྒྲུབ་རྟེན་གཞི་བཙུགས་པ་ནས་བཟུང་དེ་གར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ད་ཆ་ཐོན་སྐྱེད་ཀྱི་རྐང་འཛིན་པར་གྱུར་ཡོད།

    “ངེད་བཟའ་ཚོ་ལ་ཟླ་རེར་གླ་ཕོགས་སྒོར་ཁྲི་1ལྷག་ཙམ་ཡོད་པ་མ་ཟད། ད་དུང་འགན་བཅོལ་ལྔ་དང་། འཁོར་ཞག ལོ་གསར་དང་དུས་ཆེན་གྱི་ཐོབ་ཆ་བཅས་ཡོད་པས་ང་ཚོ་རྦད་དེ་བློ་ཡིད་ཚིམ་སོང”ཞེས་ཚེ་རིང་སྒྲོལ་མས་བཤད།

    མིག་སྔར་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་དུས་ཐེངས་གཉིས་པའི་ཡུག་སྦྲེལ་ཚད་ལྡན་ཅན་གྱི་དྲོད་ཁང་ཆེན་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་མ་ཟད། ལོ་དེའི་ནང་ཐོན་སྐྱེད་ཕྱིར་གཏོང་ཐུབ་རྒྱུ་ཡིན་པས་སྐབས་དེ་དུས་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།