དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མར་ཡུལ་སྐོར་བ་མང་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-25

    འདི་ནི་ཡུལ་སྐོར་བས་ཇོ་མོ་གླང་མའི་བྱང་སྒོ་ཆེན་པོའི་མདུན་དུ་པར་རྒྱག་བཞིན་པ།

    དཔྱིད་ཀ་ཤར་བ་དང་བསྟུན་ཇོ་མོ་གླང་མ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལོ་ནས་བཟུང་བོད་ལྗོངས་དིང་རི་རྫོང་གིས་ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་མཐོ་ཤོས་ཨང་དང་པོ་ཡིན་པའི་སྤུས་རྟགས་ཀྱི་ཁྱད་ཆོས་དང་མིང་བྱང་གི་ཕན་འབྲས་གང་ལེགས་སྤྱད་ནས་བློ་གཅིག་སེམས་གཅིག་གིས་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་འདུ་ཤེས་བཙུགས་པ་དང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་ཆེ་རུ་བཏང་ཡོད་པ་རེད། ད་ལོའི་ཟླ་1ཚེས་1ཉིན་ནས་ཟླ་3ཚེས་14ཉིན་བར་བསྡོམས་ཡུལ་སྐོར་བ་མི་ཐེངས་52775ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་640བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་53%དང་35%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།