དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-20

    སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་དང་ལེན་ནུས་པ་ཆེ་རུ་གཏོང་བ་དང་། དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང”བྱས་པ་རེད།

    ཐེངས་འདིའི་ནང་སྦྱོང་རིང་། ཉེན་ཆེའི་ཟོག་རོ་ཐག་གཅོད་ལྟེ་གནས་ཀྱི་ཉེན་ཆེའི་ཟོག་རོ་གནས་སྐབས་ཉར་ཚགས་མཛོད་ཁང་ཨང་དང་པོའི་གློག་སྐུད་རྙིང་པ་ཆགས་ནས་མེ་ཤོར་ཏེ་བེད་མེད་ཞིང་སྨན་ཕྱིར་ཟགས་པ་དང་གནོད་ལྡན་རླངས་གཟུགས་ཐོན་པས། མང་ཚོགས་ཀྱི་ཚེ་སྲོག་དང་། རྒྱུ་ནོར་གྱི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་དཔེར་བྱས་པ་རེད། ནང་སྦྱོང་འགོ་ཚུགས་རྗེས་ཁེ་ལས་ཀྱིས་འཕྲལ་མར་ཐོལ་བྱུང་དོན་རྐྱེན་གྱི་བརྡ་ལན་རིམ་པ་གཉིས་པ་དང་ལེན་བྱས་པ་མ་ཟད། ཆུ་ཤུར་རྫོང་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་ལ་སྙན་སེང་ཞུས་པ་དང་། ཆུ་ཤུར་རྫོང་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྙན་ཞུ་འབྱོར་རྗེས་འཕྲལ་མར《ཆུ་ཤུར་རྫོང་གི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་ཕྱོགས་བསྡུས་འཕྲལ་སྡོམ་སྔོན་ཇུས》རིམ་པ་གསུམ་པ་དང་ལེན་ཞུས་ནས། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ལ་སྙན་སེང་ཞུས་པ་དང་འབྲེལ་ཆེད་ལས་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་ཀྱིས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གྱིས་ལས་འཛོལ་སྙན་ཞུ་འབྱོར་རྗེས་འཕྲལ་མར《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས》རིམ་པ་བཞི་པ་དང་ལེན་བྱས་ནས། ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་སོགས་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་བསྐྱོད་དེ་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་སྤེལ་བ་རེད།

    ནང་སྦྱོང་དེ《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས》ཀྱི་བླང་བྱ་ལྟར་བྱས་པ་དང་། ཉེན་ཆེའི་ཟོག་རོ་ཐག་གཅོད་ལྟེ་གནས་ཀྱི་འཕྲལ་སྡོམ་དང་ལེན་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ལ། སྡེ་ཚན་མང་པོའི་མཉམ་འབྲེལ་དམག་འཐབ་ནུས་པར་ཡང་ཚོད་བགམ་གལ་ཆེན་བྱས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུཌ་ཞིབ་ཚགས་དང་། ཕྱོགས་མང་མཉམ་འགུལ། དུས་ཐོག་ཏུ་སྙན་སེང་ཞུ་བ། གོ་རིམ་ལྡན་པར་དང་ལེན་བཅས་བྱས་པ་དང་། འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ནུས་ལྡན་བཅས་ལས་འཕྲལ་སྡོམ་ཐག་གཅོད་ཀྱི་མཉམ་ཤུགས་ནུས་ལྡན་ཞིག་ཆགས་ཏེ“ཞིབ་བཤེར་སྔོན་ཇུས་དང་། འགན་འཁྲིའི་ལས་བགོས་ཁ་གསལ། ཐག་གཅོད་བརྒྱུད་རིམ་ཞིབ་ཕྲ། ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ”བཅས་ཀྱི་སྔོན་དཔག་གི་ཕན་འབྲས་ཐོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།