དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྔོན་གྱི་རི་བོ་སྐྱ་ཐེར་ཐེར། དེང་གི་ཁོར་ཡུག་སྔོ་ཐིང་ཐིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-17

    འདི་ནི་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་ཚོས་ཤིང་འཛུགས་བཞིན་པ།

    འདི་ནི་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མིས་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་པ།

    འདི་ནི་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རིག་འཛིན་གྱིས་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་བཞིན་པ།

    འདི་ནི་རིག་འཛིན(དཀྱིལ)དང་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་ཚོས་ཤིང་འཛུགས་བཞིན་པ།

    འདི་ནི་ཤེལ་དཀར་རི་ནས་པར་བླངས་པའི་ལྗོན་ཤིང་ཡིན་པ།

    འདི་ནི་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་ཚོས་སྡོང་ཕྲུག་དབོར་བཞིན་པ།

    འདི་ནི་2004ལོའི་ཟླ་10པར་པར་བླངས་པའི་གདོང་དཀར་གྲོང་ཚོ་དང་དེ་བཞིན་གདོང་དཀར་གྲོང་ཚོའི་རྒྱབ་རིའི་ས་རྒོད་ཡིན་པ།

    ཟླ་3ཚེས་12ཉིན། གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་90ལྷག་ཙམ་སླར་ཡང་སྦྱག་མ་ཁྱེར་ཏེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཤེལ་དཀར་རི་ལྡེབས་སུ་ཡོང་ནས་སྡོང་ཕྲུག་ལ་ས་སྣོན་རྒྱག་བཞིན་མཆིས། དེ་རིང་། ཁོང་ཚོས་སྡོང་ཕྲུག་2000ཙམ་བཏབ་ཚར་བ་བྱེད་རྩིས་ཡོད།

    ཤེལ་དཀར་རི་སྔོན་ཆད་རྩྭ་རྩི་ཤིང་མི་སྐྱེ་བའི་རི་བོ་སྐྱ་ཐེར་ཐེར་ཞིག་ཡིན་པས། ལྷགས་པ་རྒྱག་ཐེངས་རེར་རི་སྟེང་གི་ས་རྡུལ་གང་སར་ཁྱེར་ནས། མི་རྣམས་མིག་ཀྱང་གདང་དཀའ་བར་འགྱུར་བ་དང་། ཆར་པ་འབབ་རིམ་བཞིན་བྱེ་འདམ་དག་ཆར་ཆུ་དང་འདྲེས་ནས་རི་གཤམ་གྱི་གྲོང་མིའི་སྒོ་རའི་ནང་འཁྱིལ་གྱི་ཡོད།

    2013ལོའི་ཟླ་དང་པོར་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པས་ཙུའུ་ཀྲང་རིག་འཛིན་གྱིས་གྲོས་འགོ་བཏོན་པ་ལྟར་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་ནས་40%ཤིང་འཛུགས་ནགས་བཟོའི་ཐད་སྤྱད་དེ་རི་རྒོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་ཐག་བཅད། 2020ལོའི་བར། གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པས་ཁྱོན་མ་དངུལ་སྒོར་ཁྲི་2854བཏང་ནས་ཤེལ་དཀར་རིའི་མུའུ་800ཡི་རི་རྒོད་ལ“སྔོ་ལྗང”གོས་བཟང་བཀླུབས།

    2021ལོར་སྲིད་གཞུང་གིས་སྔོན་འདེབས་རྗེས་གསབ་ཀྱི་ནགས་ལས་སྲིད་ཇུས་བཏོན་པས། ཚང་མའི་ངར་ཤུགས་འཕེལ་ནས། ལོ་དེ་རང་ལ་སྡོང་ཕྲུག་མུའུ་1200བཏབ་པ་རེད།

    2022ལོ་ནི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བའི་ལོ་དང་པོ་དེ་ཡིན་ཞིང་། གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པས་དངུལ་བུན་སྒོར་ཁྲི་2400གཡར་ནས་ལས་གྲྭའི་རྣམ་གྲངས་ནང་ཞུགས་ཏེ། ད་བར་སྡོང་ཕྲུག་མུའུ་2242བཏབ་ཡོད། ཤེལ་དཀར་རི་ནི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ཆ་ཤས་ཤིག་ཡིན་ལ། དེ་ནི་བོད་ཀྱི་ལུང་གཞུང་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེའང་རེད།

    ལོ་11རིང་། མུའུ་4242ཟིན་པའི་ས་རྒོད་སྔོ་ལྗང་ནགས་ཚལ་དུ་འགྱུར་བ་དང་། གྲོང་མི་ཚོའི་ཤིང་འཛུགས་སྟངས་ལའང་འགྱུར་ལྡོག་ཕྱིན་པ་སྟེ། ཐོག་མའི་སྡོང་ཕྲུག་ཕྲག་ཏུ་ཁུར་ཏེ་རི་ལ་འཛེགས་པ་ནས་ད་ཆའི་འབྲེང་ཟམ་བརྒྱུད་སྐྱེལ་འདྲེན་དང་ཆུ་སྦུག་བརྒྱུད་ཆུ་གཏོང་བར་གྱུར་ཡོད། ད་དུང་གྲོང་མི་མང་པོ་ཞིག་ཤིང་འཛུགས་སྟངས་ལ་བྱང་ཆུབ་པར་གྱུར་ཡོད།

    རིག་འཛིན་གྱིས་ཤེལ་དཀར་རི་འདི་ཉིད་སྔ་ས་ནས་རང་ཉིད་ཀྱི་ཁྱིམ་དུ་བརྩི་ཡི་ཡོད་ལ། ཁོང་གིས་སྡོང་ཕྲུག་འདེབས་བཞིན་པའི་མི་ཚོགས་ཁྲོད་ལངས་ནས་དཔྲལ་བའི་རྔུལ་ཆུ་འཕྱིས་བཞིན“རི་སྟེང་གང་སར་ཁྱབ་པའི་སྡོང་ཕྲུག་འདི་དག་ངའི་ཕྲུ་གུ་ལྟར་ཡིན་པས། ངས་དེ་དག་སྐྱེ་འཚར་ཡག་པོ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། ཤིང་འཛུགས་ལས་ལ་གཞོལ་བ་ནི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་བྱ་བ་ཞིག་ཡིན་ལ། ཕ་ཚ་བུ་རྒྱུད་ཚོར་སྔོ་ལྗང་གི་རི་བོ་ཞིག་བསྐྲུན་རྒྱུ་ནི་ངའི་ཕུགས་འདུན་ཡང་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།