བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་བརྟན་དུ་བཏང་བ།
2023ལོར་རང་ལྗོངས་སུ་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། སྟེང་ཆེན་རྫོང་། ལྷ་རི་རྫོང་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཞི་གསར་དུ་བསྣན་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་བྱེད་ཚད་100%ཡི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ནས་བོད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོའི་འཛུགས་གཏོད་ཀྱི་ཚད་གཞིར་སླེབས་པའི་ཞིང་ཆེན་འབའ་ཞིག་དེར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུ་སྤྱི་འདོམས་སུ་བྱས་ནས་འཆར་འགོད་ཞིབ་ཚགས་དང་གནད་སྨིན་ཤུགས་འདོན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
བོད་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། ཡུལ་སྐོར་བས་བསྔགས་བརྗོད་དང་གྲོང་མིའི་སྐྱིད་སྣང་ཡོང་བ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ངེས་ཤུགས་རྒྱུན་འཁྱོངས་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་ཕན་འབྲས་ཀྱི་གསལ་བཤད་ཅིག་རེད།
—— རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ཤིང་། “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་པའི”དམིགས་ཚད་ལ་དམིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད(2021ལོ་ནས་2035ལོའི་བར)》ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ་ལོ་5ཡི་ལག་བསྟར་བསམ་འཆར་དང་ལོ་འཁོར་གྱི་ལས་ཀའི་ཇུས་གཞི་བཏོན་པས“སྲོལ་ཡིག་འགན་ལེན་དུ་བྱེད་པ་དང་། འཆར་འགོད་གཙོ་བོར་བྱེད་པ། བསམ་འཆར་མཛུབ་ཁྲིད་དུ་བྱེད་པ། ཇུས་གཞི་ཐབས་ལམ་དུ་བྱེད་པ”བཅས་ཀྱི་མཐོ་ས་འཛུགས་གཏོད་ཀྱི་སྒྲོམ་གཞི་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
—— “ཚན་རིག་དང་མཐུན་པ། གནད་སྨིན་ཁྲིམས་ལྟར”བཅས་ཀྱི་མཛད་ཕྱོགས་ཆེན་པོ་གསུམ་མངོན་གསལ་དུ་འཛིན་ཞིང་། ཐོན་ལས་དང་། ནུས་རྒྱུ། སྐྱེལ་འདྲེན། ས་སྤྱོད་བཅས་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་བ་དང་། རླུང་འགོག་བྱེ་འཇགས་སྔོ་འགྱུར་དང་། ཐལ་རྡུལ་གྱི་སྦགས་བཙོག་འགོག་བཅོས། ཁ་ཐོར་དང་ཟང་ཟིང་གི་སྦགས་བཙོག་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཉིན་རེར་སྔོན་བརྡ་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་བཙུགས་པ། འཐུང་ཆུའི་ཆུ་འགོའི་ཁུལ་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བཙོག་ཆུ་གཙང་གསིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་བ། གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ལག་བསྟར་གཏིང་ཟབ་དང་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་དང“འགྱིག་སྙིགས་ཀྱི་བཙོག་སྐྱོན”བཅོས་སྐྱོང་བྱས་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་བཅས་བརྒྱུད། བོད་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད།
—— སྐྱེ་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག”གི་ཐབས་ཤེས་མཐའ་འཁྱོངས་བྱས་ཤིང་། ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ས་གཙང་བདེ་ཐང་། རང་བྱུང་འཐུང་ཆུ་སོགས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང“ནུབ་གློག་ཤར་ཁྲིད”ཀྱི་འབྲེལ་མཐུད་རྟེན་གཞི་བསྐྲུན་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་ནས་ཁྱད་ལྡན་ཡུལ་སྐོར་རིག་གནས་ཀྱི་ས་ཁོངས་ཧྲིལ་པོ་འཕེལ་རྒྱས་བཏང་བ། ནུས་རྒྱུ་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་ཚོད་འཛིན་གྱི་བྱ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ནུས་ཤུགས་ཡོད་རྒུས་གད་སྙིགས་རིགས་དབྱེ་ལག་བསྟར་བྱས་ཏེ་སྤོས་འགྱིག་གི་བཙོག་སྐྱོན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་འཕྲོད་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་བ་བཅས་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།