དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆུ་ཤུར་རྫོང་གིས།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

     ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་འཚོགས་པ་དང་། རྫོང་རིམ་པའི་འགོ་ཁྲིད་དང་། ཤང་དང་གྲོང་རྡལ་ཁག གྲོང་ཚོ་ཨུ་ལྷན། རྫོང་ཐད་གཏོགས་ཚན་པ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོ་སོགས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དུས་བབ་གསལ་རྟོགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ལས་ཀའི་གཙོ་གནད་ལ་དམིགས་པ་དང་གནད་སྨིན་ཤུགས་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བླང་བྱ་དང་ཡང་ཡང་བསྡུར་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པ། བཟོ་ལས་དང་། ཞིང་ལས། ཡུལ་སྐོར་ལས་རིགས་སོགས་ཚུད་པའི་སྐྱེ་ཁམས་དཔལ་འབྱོར་གང་མགྱོགས་སྐྱེད་སྲིང་བྱེད་དགོས་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་འདུ་ཤེས་གཞིར་བཟུང་། ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཁ་ཕྱོགས་སུ་འཛིན་པ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་བྱས་ཏེ། རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་ཧུར་ཐག་གཏོད་པའི་བརྩོན་ལེན་བྱེད་དགོས་པ། གནད་དོན་དག་ཐེར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་བྱེད་དགོས་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཐའ་འཁྱོངས་བྱེད་པ། “ཁུལ་གསུམ་ཐིག་གསུམ”དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལག་བསྟར་ནན་པོ་བྱེད་པ། “འཆར་མང་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་གཏོད་དགོས་པ། སྐྱེ་ཁམས་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དྲིལ་བསྒྲགས་ཀྱི་གཡུལ་ས་སྣ་ཚོགས་བརྒྱུད། སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་དགོས་པ། ཁྱད་ལྡན་སྐྱེ་ཁམས་གླིང་དང་ལྗང་མདོག་ཁེ་ལས་སོགས་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་ནས་དངོས་ཟོག་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ཏེ“གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ”ཀྱི་རྣམ་གྲངས་འཛུགས་སྐྲུན་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་འདུ་འགོད་མུ་མཐུད་ལག་བསྟར་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།