དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་ལྗོངས་ལ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་17.11བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་204.28ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་300.39%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་17.11བྱུང་ནས་དུས་མཚུངས་ལས་364.95%འཕར་ཡོད་པ་རེད།

    གསར་འགོར་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་གཉིས་ཀ་ཡག་པོ་བྱུང་ཡོད། ཡུལ་སྐོར་བའི་ཡོང་ཁུངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ནང་སའི་ཡུལ་སྐོར་ཚོགས་པ་ཁྱོན་166ཡོད་པའི་ནང་པེ་ཅིང་དང་། ཀྲེ་ཅང་། སི་ཁྲོན་བཅས་ནི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོ་ཡིན་པ་དང་། མངའ་ཁོངས་ནང་ཡོང་བའི་ཡུལ་སྐོར་ཚོགས་པའི་ནང་རྒྱལ་ཁབ་35ནས་ཡོང་བའི་ཚོགས་པ་130ཡོད་ཅིང་། དེའི་ནང་རི་པིན་དང་། ཧན་གོ མ་ལེ་ཞི་ཡ་བཅས་ནི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོ་ཡིན་པ་རེད།

    དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་2ཚེས་10ནས་ཚེས་17ཉིན་བར། བོད་ཀྱི་ཁོངས་གཏོགས་ཁུལ་གྱི་གནམ་ཐང་ཁག་གིས་གནམ་གྲུ་འཕུར་བབས་ཐེངས་1264དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་14.0914འགན་ལེན་བྱས་པ་དང་། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་265.6ཟིན་པ་དེ་2023ལོའི་དུས་མཚུངས་ལས་62%དང་། 91% 5%བཅས་སོ་སོར་འཕར་བ་དང་། དེ་2019ལོའི་དུས་མཚུངས་ལས་38%དང་། 46% 135%བཅས་སོ་སོར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།