གཞིས་རྩེ་གྲོང་ཁྱེར་གྱིས་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།
འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་སྦགས་བཙོག་འགོག་བཅོས་ལ་དམ་འཛིན་ནན་པོ་བྱས་ནས། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་ཏན་ཏིག་སྤེལ་ཞིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་པ་དང་ཇོ་མོ་གླང་མའི་ས་ཚིགས་ཀྱི་མཁའ་རླུང་སྤུས་ཚད་100%ཟིན་ཡོད་པ་རེད།
འབྱུང་རྩ་ནས་གཙང་བཅོས་བྱས་ཏེ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་སྲིད་ཇུས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ནས་ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་ཕྱིར་འབུད་ཚོད་འཛིན་བྱས་པ་དང་འབྲེལ། ཉུང་དུ་བཏང་ནས་ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་གཙང་བཅོས་ཀྱི་གྲུབ་འབྲས་འགན་ལེན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེཌ་སུ་འགྲོ་བར་སྐུལ་འདེད་ཤུཌ་ཆེན་བཏང་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཁྲིམས་འཛིན་པ་མི་ཐེངས་1862བཏང་སྟེ་ཁེ་ལས་714ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་ཆོད་ཡིག་64གཤམ་སྤྲོད་བྱས་པ། སྲིད་འཛིན་གྱོད་དོན་22ཐོ་འགོད་བྱས་པ། ཉེས་ཆད་གཅོད་པའི་ཆོད་ཡིག་16གཤམ་སྤྲོད་བྱས་པ། དངུལ་ཆད་སྒོར་ཁྲི་161.8ལྷག་ཙམ་བཅད་ཡོད་པ་རེད།