དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2023ལོར་བོད་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་ཚད་གཞི་མཐོ་པོས་འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-09

    གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 2023ལོར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5516.97ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་651.46ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་83.73%དང་60.04%འཕར་ཏེ། ཁག་སོ་སོར་ལོ་འཁོར་མོའི་དམིགས་ཚད་ཀྱི་141.46%དང་127.74%ལེགས་སྒྲུབ་བྱུང་བ་རེད།

    2023ལོར་བོད་ལྗོངས་ཀྱིས་ཡུལ་སྐོར་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ་དང་བོད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གིས་ཞིབ་མཆན་འགོད་པའི་དབང་ཆ་ཕྱོགས་ཡོངས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ལ་སྤྲོད་པར་སྐུལ་འདེད་བཏང་ནས། ཡུལ་སྐོར་འཁོར་རིགས་གཉེར་སྐྱོང་དབང་ཆ་སྒེར་སྡེམ་བྱེད་མི་ཆོག་པ་བཟོས་ཏེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་། ལོ་འཁོར་མོར་ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་ཁག་30བཞག་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་82.8ཟིན་ཡོད། དེའི་ནང་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཁག་19ཡོད་པར་མ་འཇོག་སྒོར་དུང་ཕྱུར་50དང་འབྲེལ་བ་ཡོད་པ་དང་། བོད་ལྗོངས་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིག་གནས་དང་ཡུལ་སྐོར་ཁེ་ལས་4039ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་126.9བཏང་བ་དང་རིག་གནས་དང་ཡུལ་སྐོར་ཁེ་ལས་ལ་རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་29.83བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།