དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་ཡག་པོ་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-03

    ལྗོངས་ཡོངས་སུ་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་བྱེད་པ། སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་གྲོང་ཚོའི་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་བ། སྐར་གསོག་དཔྱད་ཞིབ་བྱས་ནས་སྤྲོད་པ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་གོམས་གཤིས་འཇགས་པར་བྱེད་པའི་ཁྲིད་སྟོན་ཡང་བྱས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། 2022ལོར་ལྷ་རྩེ་རྫོང“རྒྱལ་ཡོངས་ཀྱི་གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་མཁན་སྔོན་ཐོན་རྫོང”ལ་བདམས་པ་རེད།

    ལྗོངས་ཡོངས་ཀྱི་ཚོད་ལྟའི་རྫོང་གི་གྲས་ཤིག་ཡིན་པའི་ལྷ་རྩེ་རྫོང་གིས་བྱ་སྤྱོད་སྤེལ་རྒྱུར་ཤུགས་སྣོན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས་ཚད་གཞི་ལྟར་ལས་འགན་དང་དམིགས་ཚད་གཏན་འཁེལ་ཁ་གསལ་བྱས་པས། སྲིད་གཞུང་གིས་སྤྱི་འདོམས་བྱེད་པ་དང་། གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་འགན་ཁུར་བ། ཤང་དང་གྲོང་རྡལ་11གིས་ཁྱབ་ཁོངས་བགོས་ནས་དོན་འཁྱོལ་ཞིབ་ཕྲར་དམ་འཛིན་བྱེད་པ། སྲིད་འཛིན་གྲོང་ཚོ་99ཡིས་བྱེད་ཐབས་གསར་གཏོད་བྱེད་པ། མང་ཚོགས་ཕྱོགས་ཡོངས་ནས་སྐུལ་སློང་གིས་ཞུགས་པ་བཅས་ནུས་ལྡན་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། དེ་དང་ཆབས་ཅིག རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གནད་དོན་100ལྷག་ཙམ་ཞིབ་འཇུག་ཐག་གཅོད་བྱས་ཡོད།

    དགུན་ཁ་ཤར་ཚུན། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11གིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་། འགྱིག་ཤོག ཞིང་ལས་ཐོན་སྐྱེད་སྙིགས་རོ་སོགས་གཙང་སེལ་ཐེངས་270ལྷག་ཙམ་བྱས་པ་དང་། གྲོང་ཚོའི་ཆུ་རྫིང་དང་ཡུར་བུ་ཐེངས་200ལྷག་ཙམ་བཤངས་པ། དངོས་པོ་འཇོག་ཡུལ་མིན་པའི་ས་ཆ་ཁག་87གཙང་སེལ་བྱས་པ། མང་ཚོགས་མི་ཐེངས་ཁྲི་2.2ལྷག་ཙམ་སྐུལ་སློང་བྱས་པ། གཙང་སྦྲའི་དཔྱད་བསྡུར་ཐེངས་196བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།