དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཉི་ནུས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་བ་དང་ཁོར་ཡུག་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-21

    འདི་ནི་བོད་ལྗོངས་ཧྭ་ཏན་ལྷ་ས་སྙེ་མོ་ཧོར་སྡེའི་དུས་ཐེངས་དང་པོའི་ཀྲའོ་ཝ་100ཟིན་པའི་འབྲོག་རའི་འོད་ཤུགས་གློག་གཏོང་རྣམ་གྲངས་བསྐྲུན་ཡུལ་ཡིན་པ།

    ས་མཐོར་དགུན་ཁ་ཤར་ནས་གྲང་ངར་ཆེ་བ་དང་། ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཙམ་ལ་སླེབས་ཀྱི་ཡོད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཡོད་པའི་བོད་ལྗོངས་ཧྭ་ཏན་ཧོར་སྡེའི་དུས་ཐེངས་དང་པོའི་ཀྲའོ་ཝ་100ཟིན་པའི་འབྲོག་རའི་འོད་ཤུགས་གློག་གཏོང་རྣམ་གྲངས(གཤམ་དུ“ཧོར་སྡེ་འོད་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་རྣམ་གྲངས”ཞེས་བསྡུ་རྒྱུ)འཛུགས་སྐྲུན་བྱ་ཡུལ་གྱི་གང་སར་བ་མོ་དཀར་ཆི་ལེས་ཁེངས་ཡོད། གྲལ་སྟར་འགྲིག་པའི་ཉི་ནུས་འོད་ཤུགས་ཤེལ་ལེབ་ཞོགས་པའི་ཉི་འོད་ཁྲོད་འོད་མདངས་རབ་ཏུ་འཕྲོ་བཞིན་མཆིས། ལས་མི་ཚོས་དབུགས་ཧད་བཞིན་དུ་མིའི་གཟུགས་པོ་ལས་རིང་བའི་འོད་ཤུགས་ཤེལ་ལེབ་ཕྲག་པར་ཁྱེར་ནས་འོད་ཤུགས་ཤེལ་ལེབ་ལྷུ་ལག་མཇུག་ཤོས་དེ་སྒྲིག་པར་བྲེལ་བཞིན་ཡོད།

    “མིག་སྔར། གློག་ཤུགས་འཕར་ཚུགས་དང་གསོག་ནུས་ས་ཚུགས་ཚང་མ་སྒྲིག་སྦྱོར་ཟིན་ནས་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་ལ། ལས་གྲྭ་ཚང་མ་མཇུག་འགྲིལ་མཚམས་སུ་སླེབས་ཡོད”ཅེས་ཨར་ལས་བྱེད་མཁན་ཀྲུང་གོ་ཆུ་གློག་ཅུས་དགུ་པའི་ཧོར་སྡེ་འོད་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཡའོ་ཀྲི་མིང་གིས་བརྗོད།

    རྣམ་གྲངས་དེ་སྙེ་མོ་རྫོང་གཞུ་སྨད་ཤང་ཧོར་སྡེ་གྲོང་ཚོར་གནས་པ་དང་གློག་ཁང་གི་གཏན་འཁེལ་གློག་གཏོང་ཚད་ཆན་ཝ་ཁྲི་10(ཆན་ཝ་ཆུ་ཚོད་ཁྲི་10ཟིན་པའི་གློག་རྫས་འགྱུར་གྱི་གསོག་ནུས་སྒྲིག་སྦྱོར་བྱས་པ)ཟིན་པ་དང་། ལས་གྲྭ་དེར་ཁྱོན་ཤེལ་ལེབ་གྲུ་སྟར་28དང་ལྷུ་ཕྲེང་7259སྒྲིག་སྦྱོར་བྱས་ཡོད། གནས་སྐབས་འཛུགས་སྐྲུན་གྱི་ལས་གྲྭ་ལས་འགོ་ཚུགས་པ་ནས་སྒྲིག་སྦྱོར་འཕྲུལ་འཁོར་ཧྲིལ་པོ་ནས་གློག་གཏོང་བའི་ཆ་རྐྱེན་འཛོམས་པའི་བར་ཉིན་99ལས་འགོར་མེད།

    “འདི་གར་ས་བབ་མཐོ་ཚད་སྨི་4750ནས་4900བར་ཟིན་པ་དང་། ས་བབ་ཇི་ཙམ་མཐོ་བ་དེ་ཙམ་གྱིས་རླུང་གནོན་དམའ་བ་དང་། ལས་ཕྱོད་ཀྱང་ཆུང་བ་ཡོད་པས་ཨར་པོ་བ་འགའ་འདིར་སླེབས་རྗེས་ས་ཆ་འཕྲོད་ཀྱི་མེད”ཅེས་ཀྲུང་གོ་ཆུ་གློག་ཅུས་དགུ་པ་ཧོར་སྡེ་འོད་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཀྲེ་ཤའོ་ཅིན་གྱིས་བརྗོད། ཁོང་གིས་རྒྱུ་མཚན་དེར་བརྟེན་ནས་ཀྲུང་གོ་ཆུ་གློག་ཅུས་དགུ་པས་བདེ་ཐང་ཁང་ཆུང་དང་ཞིང་པ་ལས་མི་ངལ་གསོ་རྒྱག་ས་ཆེད་མངགས་བཙུགས་ནས་བཟོ་པར་རིན་མི་དགོས་པར་གསོ་རླུང་རྔུབ་ཁང་དང་། ཆམ་པའི་སྨན། ཁྲག་ཤེད་སྨན། ཁྲག་ནང་གསོ་རླུང་འདུས་ཚད་དཔྱད་ཆས་སོགས་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བརྗོད།

    རི་རྩེ་ནས་ལས་གྲྭ་ཧྲིལ་པོར་རྒྱང་བལྟ་བྱས་ཚེ། འོད་ཤུགས་ཤེལ་ལེབ་བསྒར་སའི་རི་ངོས་མཐོ་དམན་སྙོམས་ཤིང་། འོད་ཤུགས་ཤེལ་ལེབ་ཡོད་སའི་བགྲོད་ལམ་དང་སྒྲོམ་སྟེགས་འོག་གི་སྤང་གཤོངས་སྟེང་དུ་ནོར་ལུག་ཐར་ཐོར་དུ་གནས་ཡོད། སྐྱེ་ཁམས་ཁོར་ཡུག་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། ཨར་ལས་ཀྱིས་གནས་དེ་གའི་སྐྱེ་ཁམས་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད། ཀྲུང་གོ་ཆུ་གློག་ཅུས་དགུ་པ་དང་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་མཉམ་ལས་ཀྱིས་དཔྱད་བསྡུར་ཚོད་ལྟ་བྱས་པ་བརྒྱུད་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་གྱིས་སྐྱེ་དངོས་ལ་ཐེབས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང་ན་ཁ་རྩ་སྤོས་ཀྱིས་གསོན་ཚད་མཐོ་རུ་བཏང་སྟེ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གང་ལེགས་བསྒྲུབས་ཡོད།

    ཡའོ་ཀྲི་མིང་གིས། ཧོར་སྡེ་འོད་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ་ནས་ཁྱོན་ཡོངས་ནས་གློག་གཏོང་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་གློག་དྲར་ཞུགས་ནས་ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་19630ཟིན་ནས་ལྷ་ས་གྲོང་ཁྱེར་གྱི་གློག་གཏོང་ནུས་ལེགས་སུ་ཕྱིན་ཏེ་རང་སྐྱོང་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གློག་ཤུགས་ཀྱི་རྒྱབ་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།