དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སུ་ནུས་རྒྱུ་གཙང་མའི་གློག་སྤྱིར་ན་བཏང་བ།

    2023ལོར་ཕྱི་ཕྱོགས་ལ་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་25.70བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-16

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་དུ་ནུས་རྒྱུ་གཙང་མ་འཕེལ་རྒྱས་མྱུར་པོ་བྱུང་ནས་ནུས་རྒྱུ་གཙང་མའི་གློག་སྤྱིར་ན་བཏང་ཞིང་། མིག་སྔའི་བར། བོད་ལྗོངས་གློག་ཤུགས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་བཏང་བའི་ཁྲོད་ནུས་རྒྱུ་གཙང་མས་བཟུང་བའི་བསྡུར་ཚད་91.44%ཟིན་པ་དང་དེའི་ནང་ཆུ་ཤུགས་གློག་གིས་53.72%དང་། འོད་ཤུགས་གློག་གིས་36.32% རླུང་ཤུགས་གློག་གིས་1.4%བཅས་ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཐཱན་གཉིས”ཀྱི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ནས་ཆུ་གློག་དང་། འོད་ཤུགས། རླུང་གློག་སོགས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ནུས་རྒྱུ་གཙང་མ་ཕྱིར་གཏོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཞིང་། 2023ལོར་ཕྱི་ཕྱོགས་སུ་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་25.70བཏང་བ་དེ་དུས་མཚུངས་ལས་13.98%འཕར་བ་དང་། ཚད་ལྡན་རྡོ་སོལ་ཏུན་ཁྲི་102.80གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་251.64ཉུང་དུ་བཏང་བ། ཉོ་ཚོང་གཞི་ཁྱོན་ཆེ་ཤོས་དང་། ཞུགས་མཁན་ཞིང་ཆེན་མང་ཤོས། དཔལ་འབྱོར་ཕན་འབྲས་ཆེ་ཤོས་བཅས་ཀྱི་གློག་ཤུགས་བོད་སྐྱོར་གྱི་ཉོ་ཚོང་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། འབྱུང་འགྱུར་ལོ་གསུམ་ནང་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་155ཟིན་རྒྱུ་ཡིན་པ། ལྗང་མདོག་གློག་ཤུགས་ཁྲོམ་ར་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། 2023ལོའི་ཟླ་12པར་སྒྲིག་འཛུགས་ཐེངས་དང་པོ་བྱས་ནས་ལྗང་མདོག་གློག་ཉོ་ཚོང་ཐེངས་2བྱས་ཤིང་། ཁྲོན་བོད་དྲ་འབྲེལ་བརྒྱུད་ཁྲུང་ཆིང་ལ་ལྗང་མདོག་གློག་ཆུ་ཚོད་ཆན་ཝ་ཁྲི་276.8བཏང་སྟེ་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་གློག་གི་ཉོ་ཚོང་ཐེངས་དང་པོར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།