དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་དང་པོའི་ཚུར་ལན་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། 2023ལོའི་ཟླ་12ཚེས་18ཉིན་ནས་2024ལོའི་ཟླ་1ཚེས་10ཉིན་བར། རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དང་པོས་མུ་མཐུད་ལྷ་ས་དང་། ལྷོ་ཁ། ཆབ་མདོ། ནག་ཆུ་སོགས་གྲོང་ཁྱེར་ལ་ལྟ་བཤེར་ཚུར་ལན་བྱས་ཚུལ་གྱི་སྙན་ཞུ་སྤྲད་པ་རེད། ཚུར་ལན་སྤྲོད་པའི་ཚོགས་འདུ་ལྟ་བཤེར་དང་ལེན་བྱེད་མཁན་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གཙོ་སྐྱོང་བྱས་པ་དང་། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གིས་ལྟ་བཤེར་སྙན་ཞུའི་ནང་དོན་བརྡ་ཁྱབ་བཏང་བ། ལྟ་བཤེར་གྲོང་ཁྱེར་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་བཅས་བྱས་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས་བསྟན་དོན། གྲོང་ཁྱེར་4ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་རེ་སྒུག་དང་བསྡུར་ན་ད་དུང་ཧེ་བག་ཡོད། གཙོ་བོ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། ཁོར་ཡུག་བཅོས་སྐྱོང་གི་འགག་སྒྲོལ་བྱེད་ཤུགས་མི་འདང་བ། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་མཐར་ཕྱིན་པ་མ་བྱུང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བ། གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་ལ་ཞན་ཆ་ཡོད་པ་སོགས་རེད།

    ལྟ་བཤེར་ཚོགས་ཆུང་གིས་ནན་བཤད་བྱས་དོན། གྲོང་ཁྱེར་4ཡིས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཡིན་པའི་སྐྱེ་ཁམས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཡག་པོ་འཁུར་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་དོན་གཉེར། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་དགོས། འགན་འཛོལ་ཤོར་བའི་གནད་དོན་ལ་འབྲེལ་ཡོད་སྡེ་ཚན་གྱིས་སྔར་བས་བརྟག་དཔྱད་གཏིང་ཟབ་དང་འགན་འཁྲི་ཁ་གསལ་བཟོས་ཏེ་ནན་ལ་གནད་འཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འགན་འཁྲི་བདའ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་ཐད་ཀྱི་གུན་གསབ་བམ་ཡང་ན་སྤྱི་ཕན་གཞུང་གཏུག་བྱེད་དགོས་རིགས་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་གཉེར་བྱེད་དགོས།

    ལྟ་བཤེར་ཚོགས་ཆུང་གིས་བླང་བྱ་བཏོན་དོན། ལྷ་ས་དང་། ལྷོ་ཁ། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་ལག་བསྟར་ཞིབ་སྲོལ》གྱི་བླང་བྱ་དང་ལྟ་བཤེར་གྱི་སྙན་ཞུ་ལྟར་བཅོས་སྒྲིག་ཇུས་གཞི་ཞིབ་འཇུག་བྱས་ནས་མགྱོགས་མྱུར་བཟོ་བ་དང་། ལས་ཀའི་ཉིན་མོ་30ཡི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། ཇུས་གཞིར་ཆོག་མཆན་ཐོབ་རྗེས་ཀྱི་ཟླ་བ་6གི་ནང་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུ་དགོས་ལ་དག་ཐེར་ཇུས་གཞི་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།