དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ​སྐྱེ་ཁམས་བཟང་པོ་པིར་གྱིས་བྲིས་དང་མཚུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-01

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པ་དང་། ཁྲིམས་ལྟར། གནད་སྨིན་ངང་སྦགས་བཙོག་འགོག་བཅོས་མཐའ་འཁྱོངས་བྱས་ཏེ། དགུང་སྔོན་སྲུང་སྐྱོང་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་། “འགྱིག་སྙིགས་ཀྱི་བཙོག་སྐྱོན”བཅོས་སྐྱོང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པ་མ་ཟད། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་དང་དྲ་ཐོག་དྲ་ཕྱི་མཉམ་འདྲེས་ཀྱི་ལྟ་འདོམས་མ་ལག་སྐྲུན་པར་ཤུགས་སྣོན་བརྒྱབ་པར་བརྟེན་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    2023ལོ་ནས་བཟུང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་སྤྱི་འདོམས་སུ་བྱས་ནས་གཅིག་གྱུར་འཆར་འགོད་ཞིབ་ཚགས་དང་གནད་སྨིན་ཤུགས་འདོན་གྱིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2023ལོར་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། སྟེང་ཆེན་རྫོང་། ལྷ་རི་རྫོང་བཅས་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་4མང་དུ་བཏང་ནས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གཏོད་པའི་དམིགས་ཚད་100%སྔ་སྣུར་དུ་མངོན་འགྱུར་བྱུང་སྟེ། བོད་ལྗོངས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཁྱབ་ཁོངས་ཆ་ཚང་འཛུགས་གཏོད་ཀྱི་ཚད་གཞིར་སླེབས་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།

    རང་ལྗོངས་ཀྱིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་བདུན་ཡག་པོ་བརྒྱབ་ཅིང་། རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ཚད་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པ་དང་དེ་མན་གྱི་བཙོག་འབུད་ཚད་གཞིའི་རླངས་འཁོར་གཞི་རྩའི་ཆར་མེད་པར་བཟོས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་འདོམས་རིམ་གསུམ་དྲ་སྦྲེལ་ལས་སྟེགས་བཙུགས་པ་དང་འབྲེལ་བེད་སྤྱོད་ཀྱང་བྱས་ཤིང་། ལྗོངས་ཡོངས་ནས་རླངས་འཁོར་རྙིང་པ་སྣ་ཚོགས་ཁྲི་19.3བེད་མེད་དུ་བཏང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་5225བེད་སྤྱོད་ཁྱབ་གདལ་བཏང་བ། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་757ཁྱབ་གདལ་བཏང་བ། གཙོ་གནད་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་འཐུང་ཆུའི་ཆུ་འགོ་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རིམ་རྩིས་བརྒྱབ་ན་གཙང་པོར་བཙོག་ཆུ་འབུད་ས་628ལ་བཅོས་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་259གཏན་འཁེལ་བྱས་པ། ཆུ་འགོ་སྲུང་སྐྱོང་ལས་གྲྭ་ཁག་35ལག་ལེན་བསྟར་བ། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་Ⅲརིགས་ཀྱི་ཆུ་གཟུགས་ཀྱི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད100%ཟིན་པ་དང་ས་ཞིང་ཁག་491གི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་སྲིད་འཛིན་གྲོང་ཚོ་109ལ་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱས་ཤིང་། གཙོ་གནད་འཛུགས་སྐྲུན་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%བསྟུད་མར་རྒྱུན་འཁྱོངས་ཐུབ་ནས་སྦགས་བཙོག་ཕོག་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་92%ཡན་དུ་མཐོ་རུ་ཕྱིན་ཡོད།

    རང་ལྗོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གྱོད་གཞི་ཁག་1115ཐག་གཅོད་དམ་ཡང་ན་དུས་མཚམས་རང་བཞིན་གྱི་སྒྲུབ་ཚད་100%ཟིན་པ་དང་། དག་ཐེར་གྱི་ལས་འགན་ཁག་43དང་དག་ཐེར་གྱི་བྱེད་ཐབས་180ལ་གོ་རིམ་ལྡན་པའི་ངང་དག་ཐེར་བྱས་པ། ཉེན་ཁ་ཆེ་བའི་སྙིགས་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་གཙོ་གནད་བཙོག་འབུད་ཚན་པའི་རང་འགུལ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མི་བདེན་རྫུན་སྒྲིག་གི་ཁྲིམས་འགལ་ཉེས་གསོག་ལ“རྡུང་རྡེག་གཏོང་བའི་བྱ་སྤྱོད་གཉིས”རྒྱུན་མཐུད་སྤེལ་བ་དང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་71ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ་དངུལ་ཆད་སྒོར་ཁྲི་1156.51བཏང་ཞིང་། ཁྲིམས་དང་ཅུང་ཟད་འགལ་རིགས་ལ་ཆད་པ་མི་གཅོད་པའི་གྱོད་གཞི་5ལ་དངུལ་ཆད་སྒོར་ཁྲི་111མ་བཏང་བ་རེད།

    ལོ་མང་རིང་གངས་ལྗོངས་ཀྱི་བུ་ཕྲུག་གྲངས་མེད་ཀྱིས་བཏབ་པའི་ས་བོན་དང་ལྕང་སོན་རེ་རེ་ཁང་པའི་རྒྱབ་མདུན་དང་། རི་ལྡེབས་གྲམ་ཐང་དུ་སྐྱེ་འཚར་བཟང་པོ་བྱུང་ཡོད།

    རི་ཀླུང་མང་པོ་སྔོ་ལྗང་གིས་བརྒྱན་ལ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བའི་མཛེས་སྡུག་ཡུལ་ལྗོངས་ལས། ལོ་མང་རིང་རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གྲུབ་འབྲས་མངོན་བཞིན་མཆིས།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པར་བརྩིས་པ་མ་ཟད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་སྐྲུན་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    མིག་སྔར། རི་སྔོ་ཆུ་དྭངས་ཀྱི་བྱ་སྤྱོད་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་ཧུར་ཐག་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་ནས་སྐྱེ་ཁམས་བཟང་པོ་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་དང་བཀྲག་མདངས་འཚེར་བའི་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།