དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གནམ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་ལ“ཐེམ་ཐོ”ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-23

    ཉེ་དུས་བོད་ལྗོངས་གནམ་མཚོ་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བསྒྲགས་ཐོ་འགོད་བྱས་ཤིང་། དེ་ནི་རང་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་བར་མཐོངས་གལ་ཆེན་ལ་སྤྲད་པའི“ཐེམ་ཐོ”ཐོག་མ་དེ་ཡིན་པ་དེ་ཐོག་ནས་བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་དབང་ཆ་གཏན་འཁེལ་བྱས་ཏེ་ཐོ་འགོད་བྱེད་མྱོང་མེད་པ་ལས་ཚད་བརྒལ་བྱུང་བ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གནམ་མཚོ་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཐོ་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་1088516.30ཟིན་ཡོད་ཅིང་། གཏོགས་ཁོངས་ཀྱི་གནས་ཚུལ་ལ་བལྟས་ན། གཞུང་ཁོངས་རྒྱ་ཁྱོན་སྤྱི་ཆིང་1087935.73དང་མཉམ་སྡེབ་རྒྱ་ཁྱོན་སྤྱི་ཆིང་580.57ཟིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་སྤྲད་པ་བརྒྱུད། སྲུང་སྐྱོང་ཁུལ་གྱི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་བདག་མཁན་གྱི་འགན་འཁྲི་ལག་བསྟར་བྱེད་པོ་ནི་རང་བྱུང་ཐོན་ཁུངས་པུའུ་ཡིན་པ་དང་ལས་ཚབ་ལག་བསྟར་བྱེད་པོ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཡིན་པ་རེད།

    ད་ཐེངས་ཀྱི་ཐོ་འགོད་ལས་དོན་ནང་བོད་ལྗོངས་གནམ་མཚོ་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཐོ་འགོད་ཡུལ་དུ་བརྩིས་ནས་སྐྱེ་ཁམས་བར་མཐོངས་ནང་གི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་བདག་དབང་གི་བྱེད་པོ་གཏན་འཁེལ་གསལ་པོ་བྱས་ཡོད།

     དམངས་ཡོངས་ལ་དབང་བ་དང་མཉམ་སྡེབ་ལ་དབང་བའི་དབར་གྱི་དབྱེ་མཚམས་དང་། དམངས་ཡོངས་ལ་དབང་བ་དང་རིམ་པ་མི་འདྲ་བའི་སྲིད་གཞུང་གིས་བདག་དབང་སྤྱོད་པའི་དབྱེ་མཚམས། མཉམ་སྡེབ་མི་འདྲ་བའི་དབང་མཁན་གྱི་དབྱེ་མཚམས། རིགས་མི་འདྲ་བའི་རང་བྱུང་ཐོན་ཁུངས་དབར་གྱི་དབྱེ་མཚམས་བཅས“དབྱེ་མཚམས་བཞི”གསལ་པོར་ཕྱེ་ནས་སྲུང་སྐྱོང་ཁུལ་གྱི་ལྟ་འདོམས་ནུས་ལྡན་དང་སྐྱེ་ཁམས་སྲུང་སྐྱོང་དང་དེ་བཞིན་དབང་མཁན་གྱི་ཁེ་དབང་སྤྱོད་རྒྱུར་གཞི་འཛིན་ས་གསལ་པོ་མཁོ་འདོན་བྱས་ཡོད་ལ། བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་དང་ཐོ་འགོད་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་ལས་ཀའི་ཐབས་ལམ་ཆ་ཚང་ཞིག་ཀྱང་འཚོལ་ཞིབ་བྱས་ཡོད།

    གཞན་ཡང་། གསར་འགོད་པས་ཤེས་རྟོགས་བྱས་པར། 2020ལོ་ཚུན་དུ། རང་ལྗོངས་ཀྱིས་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ་དང་། ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ། དུས་མཚམས་དབྱེ་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། རང་བྱུང་སྲུང་སྐྱོང་ཁུལ་དང་། འཁྱགས་རོམ། ཆུ་བོ་སོགས་རང་བྱུང་སྐྱེ་ཁམས་བར་མཐོངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་གཙོ་གནད་དུ་བྱས་ཏེ་གནས་སྟོད་འཁྱགས་རོམ་སོགས་རང་བྱུང་ཐོན་ཁུངས་གལ་ཆེན་11ལ་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་དང་ཐོ་འགོད་བྱེད་པའི་ཚོད་ལྟའི་རྣམ་གྲངས་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།