དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-21

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་སྤེལ་འགོ་ཚུགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་རྫོང་1བཏོད་པ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་2བཏོད་པ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཤང་དང་གྲོང་རྡལ(ཁྲོམ་གཞུང)39བཏོད་པ། དཔེ་སྟོན་གྲོང་ཚོ་དང་གྲོང་ལྷན(སྡེ་ཁུལ)238བཏོད་པ་བཅས་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་སྔར་ནས་ད་བར་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ལྷོ་ཁའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་བསྡོམས་ཁག་བཞིའི་ཡན་ལག་རྣམ་གྲངས་78ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ཡན་ལག་རྣམ་གྲངས་51ལེགས་སྒྲུབ་ཟིན་པ། མ་དངུལ་སྒོར་དུང་ཕྱུར་28.1བཏང་བ། ལེགས་གྲུབ་བྱེད་ཚད་90.55%ཟིན་ཡོད། ལྷ་སའི་ལྷོ་རི་བྱང་རིའི(གོང་དཀར་སྐྱིད་ནགས་ཡུག་ཁུལ)ནགས་བཟོ་སྔོ་སྒྱུར་གྱི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས“ནགས་དཔོན་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་པ་དང་། ལོ་ལྟར་གཞི་ཁྱོན་ཆེ་བའི་མང་ཚོགས་རང་བཞིན་གྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་སྐྱེ་ཁམས་བར་ཁྱམས་དང་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས(དངོས་བཟུང་ས་ཐིག་ནང་ཚུན)སུ་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28ཟིན་པ་དང་། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.26ཟིན་པ། ནགས་ཁོངས་གཞན་དག་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་9.17ཟིན་ཡོད་པས་ནགས་ཚལ་ཁྱབ་ཚད་24.79%ཟིན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་སྲིང་ལྷོད་མེད་ངང་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་དང་ལྕགས་ལམ་དང་གཞུང་ལམ་རྒྱུད་ཀྱི་བྱེ་རྡོ་ར་བ་100ལྷག་ཙམ་ཁྲིམས་ལྟར་སྒོ་བརྒྱབ་པ་དང་། 2021ལོའི་ལོ་འཁོར་དང་2022ལོའི་ལོ་འཁོར་དུ་དྲོད་ཁང་རླངས་གཟུགས་ཀྱི་གསལ་ཐོ་སྒྲིག་བཟོ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཞིབ་དཔྱད་ཚད་ལེན་ཁང་3གྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་9ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་རླངས་འཁོར་ཐེངས་ཁྲི་14.83ལ་ཞིབ་དཔྱད་ཚད་ལེན(རྒྱང་ཚོར་ཞིབ་དཔྱད་ཚད་ལེན་ཚུད་པ)བྱས་པ་དང་རྒྱང་ཚོར་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་ལོན་ཚད་100%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་ཡོད།

    གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཆུ་དཔོན་དང་མཚོ་དཔོན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཚོ་དཔོན་དང་ཆུ་དཔོན་1900ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། “བཙོག་ཆུ”གྲལ་བཤེར་མུ་མཐུད་བྱས་པ། རྫོང་རིམ་པ་དང་དེ་ཡན་གྱི་འཐུང་ཆུའི་ཆུ་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་བ། ཆུ་འགོའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་གནད་དོན་གྲལ་བཤེར་ལས་དོན་དུས་བཀག་ལྟར་སྤེལ་བ། འདི་ལོ་གཙང་པོར་གཏོང་བའི་བཙོག་འབུད་མདོ་ཁ་15ཚད་ལྡན་དུ་བཏང་བ། གཙང་པོར་གཏོང་བའི་བཙོག་འབུད་མདོ་ཁ་6ལ་ཞིབ་མཆན་སྤྲད་ཡོད། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ལྷོ་ཁ་གྲོང་ཁྱེར་གྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུའི་སྤུས་ཚད་དམ་ལེགས་ཚད་ཀྱི་ཚད་གཞི་Шརིམ་པར་སླེབས་ཡོད། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྤུས་ཚད་ལོན་ཚད་100%རྒྱུན་འཁྱོངས་ཐུབ་པ་དང་ས་རྒྱུའི་ཁོར་ཡུག་བདེ་འཇགས་དང་བརྟན་ལྷིང་བྱུང་ནས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་ཕན་འབྲས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་མི་ཕྱུགས་ལོགས་སུ་དབྱེ་བ་དང་། གསང་སྤྱོད་གསར་བརྗེ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་ཐེངས་དྲུག་སྟོང་ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་13.67ཞུགས་ཡོད། 2023ལོར་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་48བཏོད་རྩིས་ཡོད་པ་ནས་གྲོང་ཚོ་44བཏོད་ཟིན་ཏེ་ལེགས་གྲུབ་བྱུང་ཚད་91.7%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱད་ཚད་ལེན་ལས་སྟེགས་ཀྱི་ཞིང་དུད་ཁྲི་7.7ནས་དུད་ཚང་ཁྲི་5ཡིས་མི་ཕྱུགས་ལོགས་དབྱེ་བྱས་ཟིན་ཡོད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་ཟིན་པ་དང་སྒྲིག་སྦྱོར་བྱེད་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་505ཟིན་པའི་ནང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་228.9ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་33%ཟིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་བཟོ་ལས་རྣམ་གྲངས་44ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་5.69བཏང་ཟིན་ནས་དམིགས་ཚད་ཀྱི་122%ལེགས་སྒྲུབ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།