བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་དྲུས་རྩ་ལངས་པའི་དུས་ཚིགས་ཤར་བ།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་བདག་སྐྱོང་རུ་ཁག་གི་རུ་མིས་སྦག་སྦག་བཏང་ནས་གཙོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་ཕོ་ཞིག་གཙོད་མོའི་སར་རྒྱུག་བཞིན་པ།
དགུན་དུས་ནི་གཙོད་དྲུས་རྩ་ལངས་པའི་དུས་ཚིགས་རེད། དུས་ཡུན་གཟའ་འཁོར་གསུམ་གྱི་དྲུས་རྩ་ལངས་པའི་རིང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཕོ་མོ་ཁྱུ་སྒྲིག་པ་དང་གཙོད་ཕོ་དག་གིས་ཁྱོད་ཤི་ང་གསོན་གྱི་རྡུང་ཁ་བརྒྱབ་ནས་རྣམ་པར་རྒྱལ་རྗེས་གཞི་ནས་གཙོད་མོ་དག་དང་དབང་དུ་བསྡུ་བའི་གོ་སྐབས་ཐོབ་སྲིད། དྲུས་རྩ་ལངས་པའི་དུས་ཚོད་ཡོལ་རྗེས་གཙོད་ཕོ་སྤྱིར་ན་གཙོད་མོ་དང་མཉམ་དུ་སྡོད་ཀྱི་མེད།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་གཙོ་བོ་སྲུང་སྐྱོང་བྱ་ཡུལ་ནི་ཉར་ཚགས་འཐུས་ཚང་དང་ཐུན་མོང་མ་ཡིན་པའི་མཐོ་གྲང་གི་སྐྱེ་ཁམས་མ་ལག་དང་དེ་བཞིན་སུག་མཐིལ་ཡོད་པའི་རིགས་ཀྱི་སྲོག་ཆགས་ཆེ་གྲས་སྣ་ཚོགས་ཡིན་པས“རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ”ཞེས་སུ་གྲགས།