རི་འཛེག་དཔའ་བོ་ཚོས་བརྗོད་པའི་ཇོ་མོ་གླང་མའི་གཏམ་རྒྱུད་སྙན།
འདི་ནི་ཚའོ་ཅུན་གྱིས་སྤེལ་རེས་ཚོགས་ཆེན་དུ་ཇོ་མོ་གླང་མ་འཛེགས་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་པ།
འདི་ནི་ཟླ་12ཚེས་11ཉིན། ལྷོ་བྱང་རྒྱུད་ཇོ་མོ་གླང་མར་འཛེགས་མྱོང་བའི་ཀྲུང་གོའི་བུད་མེད་རི་འཛེག་པ་ཧན་ཙེ་ཅུན་གྱིས་སྤེལ་རེས་ཚོགས་ཆེན་དུ་རང་ཉིད་ཇོ་མོ་གླང་མར་འཛེགས་མྱོང་བའི་གཏམ་རྒྱུད་བརྗོད་བཞིན་པ།
“དགའ་མགུ་ཡི་རང་ཞུ། ཇོ་མོ་གླང་མར་འཛེག”ཅེས་པའི་བརྗོད་དོན་གཙོ་བོའི་ཇོ་མོ་གླང་མའི་རི་འཛེག་སྣེ་ཤན་པའི་སྤེལ་རེས་ཚོགས་ཆེན་དང་ཁྲོན་བོད་རི་མཐོའི་སྣེ་ཤན་མཉམ་ལས་རུ་ཁག་བཙུགས་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་ལྷ་སར་འཚོགས་པ་རེད།
ད་ཐེངས་ཀྱི་ཚོགས་ཆེན་ནི། ཁྲོད་བོད་རི་མཐོའི་སྣེ་ཤན་མཉམ་ལས་རུ་ཁག་གིས་གཙོ་གཉེར་བྱས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་རི་འཛེག་སྣེ་ཤན་པ་དང་། རི་འཛེག་ལ་དགའ་མཁན། བྱེས་བགྲོད་ལུས་རྩལ་པའི་ལས་གཉེར་བ་བཅས་500ཙམ་ལྷ་སར་འཛོམས་ཡོད། ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་དང་། ལྷ་ས་ཧི་མ་ལ་ཡ་རི་འཛེག་སྣེ་ཤན་སློབ་གྲྭ བོད་ལྗོངས་སྣེ་ཤན་མཐུན་ཚོགས་སོགས་སྒྲིག་གཞིའི་རི་འཛེག་གི་བསླབ་པ་རྒན་གྲས་ཚོས་ཇོ་མོ་གླང་མ་འཛེགས་མྱོང་བའི་གཏམ་རྒྱུད་བརྗོད་དེ་རི་མཐོའི་སྣེ་ཤན་པའི་རི་འཛེག་གི་ཐབས་རྩལ་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་འབྱུང་འགྱུར་རི་འཛེག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།