དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ལྟ་ན་སྡུག་པའི་དགུན་ཁའི་ཡུལ་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་དུས་ཉིང་ཞ་དབྱིང་ཁྲོན་གྲོང་ཁྱེར་གྱི་གངས་འཁྱགས་ཡུལ་སྐོར་དུས་ཚིགས་དངོས་སུ་འགོ་ཚུགས་པ་རེད། གངས་ཤུད་ར་བ་དང་མཛེས་ལྗོངས་ཁུལ་ཁག་གིས་དགུན་དུས་ཀྱི་གངས་འཁྱགས་རིག་གནས་ཡུལ་སྐོར་དང་ལུས་རྩལ་མཉམ་འདྲེས་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། དགུན་དུས་གངས་འཁྱགས་ཡུལ་སྐོར་གྱི་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་བ། ཡུལ་སྐོར་ཐོན་ལས་ལོ་ཕྱེད་ནས་ལོ་ཧྲིལ་པོའི་བར་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད། འདི་ནི་ཡུལ་སྐོར་བས་དབྱིང་ཁྲོན་གྲོང་ཁྱེར་གཡོད་ཧའེ་གངས་ཤུད་ར་བར་གངས་ཤུད་ལུས་རྩལ་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་གི་ཧོ་མུའུ་མཚེའུའི་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ།

    འདི་ནི་གྲོང་མི་ཞིག་ཅང་སུའུ་དབྱང་ཀྲོའུ་ཧྲུའུ་ཀང་གི་ཧྲོའུ་ཞི་ཧུའུ་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱི་ནགས་གསེབ་ཏུ་འཆམ་འཆམ་བྱེད་བཞིན་པ།

    འདི་ནི་ཡུལ་སྐོར་བས་ཡུན་ནན་ཞིང་ཆེན་ཁུན་མིང་ཧའེ་ཧུང་འདམ་རའི་སྤྱི་གླིང་དུ་གྲུ་གཏོང་བཞིན་པ།

    འདི་ནི་ཡུལ་སྐོར་བས་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་མོའུ་ཕིང་ཆུས་ཡུས་ཉེའོ་ཧོ་གཙང་པོའི་འདམ་རའི་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་ཤིས་ཤིས་འདམ་རའི་མཛེས་ལྗོངས་ཡིན་པ།

    དགུན་དུས་སུ་ཅང་སུའུ་ཞིང་ཆེན་ཞུས་དབྱི་རྫོང་གི་ཐན་ཆོན་མཚེའུ་ལྷག་པར་མཛེས་ཤིང་། སྔོ་ཞིང་དྭངས་བའི་ཆུ་བོ་དང་དམར་ཞིང་འདྲོང་བའི་གསོམ་ཤིང་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱིས་ལྟ་ན་སྡུག་པའི་སྐྱེ་ཁམས་རི་མོ་ཞིག་གྲུབ་སྟེ། ཡུལ་སྐོར་བ་མང་པོ་དགུན་དུས་ཀྱི་མཛེས་པ་མྱོང་རོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། འདི་ནི་གྲུ་ཆུང་ཞིག་ཞུས་དབྱི་རྫོང་ཐན་ཆོན་མཚེའུ་ངོགས་ཀྱི་གསོམ་ཤིང་དམར་པོའི་ནགས་ཚལ་འགྲམ་ནས་སྐྱོད་བཞིན་པ།

    དགུན་ཐོག་མའི་རང་སྒང་འཆར་ཙམ་དུ་ཀུའེ་ཀྲོའུ་ཞིང་ཆེན་ཏའོ་ཀྲེན་ཀེ་ལའོ་རིགས་མེའོ་རིགས་རང་སྐྱོང་རྫོང་ཁོངས་སུ་གནས་པའི་ཏ་ཧྲ་ཧོ་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཏ་ཧྲ་ཧོ་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།