དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ

    ལྗང་མདོག་མཛེས་རིས་ཀྱིས་བོད་ལྗོངས་མཛེས་ཤིང་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-03

    “དེ་སྔོན་ལྷ་སར་སྐྱེ་ཁམས་སྤྱི་གླིང་དེ་ཙམ་མང་པོ་མེད་པས་ཁོམ་པ་ཡོད་དུས་ཚང་མ་རྩེད་འཇོར་རོལ་བ་དང་སྐྱིད་པོ་བྱེད་ས་ཧ་ཅང་ཉུང་། ད་ཆ་ལྷོ་རི་སྤྱི་གླིང་ཡོད་པས་ང་ཚོ་ག་དུས་ཡིན་རུང་སྤྱི་གླིང་དུ་འཆམ་འཆམ་དང་རྩེད་མོ་རྩེ་བར་འགྲོ་ཆོག ལྷག་པར་དུ་ཉེ་འགྲམ་གྱི་གྲོགས་པོ་ཚོས་སྤྱི་གླིང་དུ་རྩེད་མོ་རྩེ་བའི་འདྲ་པར་གྲོགས་ཚོམ་ནང་བསྐུར་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་རྣམ་པ་མཐོང་སྐབས། ད་ཆ་དངོས་གནས་སྐྱིད་པོ་ཡོད་པའི་སྣང་བ་ཡོང་གི་འདུག”ཅེས་ལྷ་སའི་གྲོང་མི་ཆོས་མཚོས་བཤད།

    ལྷ་ས་གྲོང་ཁྱེར་ལྷོ་རི་སྤྱི་གླིང་དུ་སྐྱོད་སྐབས། གང་སར་སྡོང་ཕྲུག་བཙུགས་ཡོད་པ་དང་ཤིང་གི་བགྲོད་ལམ་མང་པོ་བཟོས་པ་མ་ཟད། འགྲོ་ལམ་གཡས་གཡོན་གྱི་དྲིལ་བསྒྲགས་སྒྲོམ་གྱི་ངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱེད་པའི་སྦྱར་ཚིག་བྲིས་ཡོད་ལ་རྩེད་འཇོ་དང་སྦྱོང་བརྡར་བྱེད་མཁན་མང་ཚོགས་རྒྱུན་ཆད་རྒྱུ་མེད། སྔོན་ཆད་ཀྱི་ས་སྟོང་དེ་ད་ཆ་མི་རྣམས་ཀྱིས་དགའ་པོ་བྱེད་པའི་སྐྱེ་ཁམས་སྤྱི་གླིང་ཞིག་ཏུ་གྱུར་ཡོད་པ་རེད།

    རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ངོས་ནས་2021ལོར་སྒྲུབ་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རང་ལྗོངས་ཀྱི་ལུང་གཞུང་དུ་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་རེད།

     དེ་གར་ལོ་རེར་ཆ་སྙོམས་ཆུ་གསོག་ཏུན་ཁྲི་4980དང་། ཐཱན་བརྟན་ཚད་ཏུན་ཁྲི་22.91 གསོ་རླུང་འབུད་ཚད་ཏུན་ཁྲི་19.30 ལོ་རེར་ཆ་སྙོམས་ལུད་སྲུང་ཚད་ཏུན་ཁྲི་2.71 ལོའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85བཅས་འཕར་གྱི་ཡོད། ལྷོ་རི་སྤྱི་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་འདུ་འགོད་ཀྱི་སྔར་ཡོད་གྲུབ་འབྲས་ཡིན་ལ་གླིང་ཁུལ་གྱི་རྒྱ་ཁྱོན་མུའུ་1600ལྷག་ཙམ་དང་ནགས་བཟོའི་རྒྱ་ཁྱོན་མུའུ་3551.7ཟིན་ཞིང་། རི་རྒོད་དེ་གསོ་རླུང་ཁང་དུ་བསྒྱུར་བའི་ལྗང་མདོག་གི་ངོ་མཚར་བཏོད་ཡོད་པ་མ་ཟད་གྲོང་མི་དང་ཡུལ་སྐོར་བ་སྤྲོ་གསེང་ལྟ་སྐོར་དུ་འགྲོ་སའི་གནས་མཆོག་ཅིག་ཏུའང་གྱུར་ཡོད།

    དུས་ཡུན་རིང་པོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་ནས། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ངོ་བོའི་རང་བཞིན་གྱི་གོམ་པ་སྤོས་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2022ལོར་བོད་ཀྱི་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་ཐཱན་རྩེར་སོན“1+N”སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད།

    ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་12ལས་བརྒལ་བ་དང་། གངས་ལྗོངས་ས་མཐོའི་བརྗིད་ཆགས་མཛེས་སྡུག་གི་རྣམ་པ་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་སོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་དང་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་བའི“མཆོག་ནོར་གསར་པ”ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།