དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས།

    ​ བྱེད་ཐབས་སྣ་མང་སྤྱད་དེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུན། “གཙང་པོ་ཤར་རྒྱུག་དང་། ཆུ་བོ་དྭངས་གཙང་། ཆུ་ངོགས་སྔོ་ལྗང་། ཡུལ་ལྗོངས་མཛེས་པ”བཅས་ཀྱི་སྤྱིའི་དམིགས་ཚད་ཀྱི་བླང་བྱར་དམ་པོར་དམིགས་ཏེ་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་སླར་གསོ་བཅས་ཀྱི་སྤྱིའི་ལས་འགན་ལ་གཞིགས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་རྒྱུན་མཐུད་བཏང་བས་ལྗོངས་ཡོངས་ཀྱི་ཆུ་མཚོའི་རྣམ་པ་དང་ཆུ་ཁོངས་ཀྱི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་རྨང་གཞི་བརྟན་དུ་བཏང་བ། རིམ་གསུམ་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཙུགས་པས་གསེར་རྙེད་ཆུས་ཀྱི་ཆུ་བོ་95དང་མཚོ་མོ་19ཚང་མར“ཆུ་དཔོན”དང“མཚོ་དཔོན”ཁྱབ་པ་དང་ཆབས་ཅིག རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཙང་པོར་སྐོར་སྐྱོད་ལམ་ལུགས་བཙུགས་ནས“བོད་ཀྱི་ཆུ་དཔོན་ལམ་ལུགས”ཀྱི་ཆུ་དཔོན་དང་མཚོ་དཔོན་གྱི་ཆ་འཕྲིན་ཕབ་འཇུག་ལས་དོན་འཐུས་སྒོ་ཚང་དུ་བཏང་ཡོད། གསེར་རྙེད་ཆུས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་གོ་རིམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་ཆེད། 《གསེར་རྙེད་ཆུས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་སྡེ་ཚན་མཉམ་འགུལ་གྱི་ལས་ཀའི་ལམ་ལུགས》དང་། 《གསེར་རྙེད་ཆུས་ཀྱི་ཆུ་དཔོན་སྐོར་བཤེར་ལམ་ལུགས》 《གསེར་རྙེད་ཆུས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ལམ་ལུགས》སོགས་ལམ་ལུགས་ཁག་9བཏོན་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་དང་ལས་དོན་གྱི་ཞིབ་སྲོལ་ཡང་འཐུས་སྒོ་ཚང་དུ་བཏང་བ་རེད།

    ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ཆུ་མཚོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། ཆུ་མཚོའི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་ཆེད། གསེར་རྙེད་ཆུས་ཀྱིས《ཆུ་མཚོའི“ཟང་ཟིང་བཞི་གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་གསེར་རྙེད་ཆུས་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གི་བརྡ་ཐོ》དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། 《གསེར་རྙེད་ཆུས་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གི“ཟང་ཟིང་བཞི་གཙང་སེལ”ཆེད་དོན་བྱ་སྤྱོད་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ཏེ། ཟླ་རེར་ཁོངས་གཏོགས་ཁུལ་དེའི་ནང་གི“ཟང་ཟིང་བཞིའི”གནད་དོན་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་པས། “ཟང་ཟིང་བཞིའི”གནད་དོན་རང་བཤེར་རང་བཅོས་ཀྱི་ཐོ་འགོད་རྣམ་པ་གྲུབ་པ་དང་། གནད་དོན་ཤེས་རྟོགས་བྱུང་རིམ་བཞིན་ཐག་གཅོད་བྱས་པ་དང་ཆབས་ཅིག ཐོ་ཁོངས་ནས་བསུབ་པ་རེད། ཚེ་ཆུ་གཙང་པོའི་ངོགས་ཀྱི་གཙང་སྦྲ་དང་ཆུ་དྭངས་གཙང་ལ་འགན་ལེན་བྱ་ཆེད། 2021ལོར་སྒོར་ཁྲི་54ལྷག་ཙམ་བཏང་ནས་ཚེ་ཆུ་གཙང་པོའི་གྲོང་ཁུལ་གྱི་ལམ་དུམ་དུ་གཙང་ངོས་ཀྱི་འགྱིག་སྙིགས་འགོག་ཆས་ཁག་5སྒྲིག་སྦྱོར་བྱས་པ་དང་། རྗེས་མཐུད་ཀྱི་དོ་དམ་བདག་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། 2022ལོར་མ་དངུལ་སྒོར་ཁྲི་46བཏང་ནས་ཕྱོགས་གསུམ་པའི་ཆེད་ལས་གཙང་སེལ་ཀུང་སི་གདན་དྲངས་ཏེ་ལམ་བར་གྱི་འགོག་ཆས་ཁག་5ལ་གཙང་བཤེར་བྱས་པ་མ་ཟད། ཟླ་རེར་གཙང་བཤེར་ཆེད་དོན་སྙན་ཞུ་ཕུལ་བ་རེད། མིག་སྔའི་བར་གཅིག་སྡུད་ཐོག་ཆུ་ཡུར་གྱི་གད་སྙིགས་ལ་གཙང་སེལ་ཐེངས་2བྱས་པ་དང་གད་སྙིགས་ཏུན་198གཙང་སེལ་བྱས་པ་རེད།

    དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་མང་པོ་དང་ཟུར་ཚད་མང་པོ་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དྲིལ་བསྒྲགས་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆུ་མཚོའི་དོ་དམ་སྲུང་སྐྱོང་ལས་དོན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱ་ཆེད། གསེར་རྙེད་ཆུས་ཀྱིས་མུ་མཐུད་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། “འཛམ་གླིང་ཆུའི་ཉིན་མོ”དང་།“ཀྲུང་གོའི་ཆུའི་གཟའ་འཁོར” “འཛམ་གླིང་ཁོར་ཡུག་ཉིན་མོ”སོགས་ཀྱི་དུས་ཚོད་དང་མཚམས་ཚིགས་གང་ལེགས་སྤྱད་དེ་འབྲེལ་ཡོད་དྲིལ་བསྒྲགས་ལག་དེབ་དང་། བརྡ་འགྲེམས། དྲིལ་བསྒྲགས་ཁུག་མ་སོགས་སྤྲད་པ་དང་། གསེར་རྙེད་ཆུས་ཆུ་དོན་ལམ་ལུགས་གཞུང་ལས་ཁང་གིས“དྲ་འཕྲིན་གསེར་རྙེད”ཀྱི་འཕྲིན་ཕྲན་གྱི་སྤྱི་རྟགས་གང་ལེགས་སྤྱད་དེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་སྲིད་ཇུས་ཡིག་ཆ་དྲིལ་བསྒྲགས་དང་། ཆུ་མཚོའི་ཆ་འཕྲིན་མིང་ཐོ་ཁྱབ་བསྒྲགས། གསེར་རྙེད་ཆུས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་གནས་ཚུལ་ཁྱབ་བསྒྲགས་བཅས་བྱས་ནས་ཆུ་དཔོན་གྱི་རང་འགན་གཙང་སྒྲུབ་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུ་ཁོངས་དང་མཚོ་ངོགས་དོ་དམ་སྲུང་སྐྱོང་། དམངས་ཡོངས་ཀྱིས་ཆུ་བཅོས་སྐྱོང་སོགས་གླེང་མང་བའི་ཆ་འཕྲིན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།