ཉིང་ཁྲི་གྲོང་ཁྱེར་དུ་ནགས་དཔོན་ལམ་ལུགས་ལ་བརྟེན་ནས“ལམ་ལུགས”ཀྱིས“བཅོས་སྐྱོང”ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་གཏན་ལས་དོན་གྱི་སྤུས་ཚད་ལ་དམ་འཛིན་དང་། གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན། ཉམས་ཞན་ལྷུ་ཚིགས་ཀྱི་ཚད་བརྒལ་ལ་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ་དང་། གསར་གཏོད་ལས་དོན་གྱི་བྱེད་ཐབས་འཚོལ་ཞིབ་བྱས་པ། ཉིང་ཁྲིའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བཅས་བྱས་པས། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་ནགས་དཔོན་ལམ་ལུགས་ལ་བརྟེན་ནས“ལམ་ལུགས”ཀྱིས“བཅོས་སྐྱོང”ལ་སྐུལ་འདེད་བཏང་བ་རེད།
དྲ་མིག་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་བཞིའི་ནགས་དཔོན་2751གིས་རིམ་པ་དབྱེ་ནས་འབྲེལ་གཏུག་འགན་གཙང་བླངས་ཏེ་ནགས་སྲུང་བ་གང་སར་བཏང་ནས་དྲ་མིག་ཅན་གྱི“པར་རིས་གཅིག”གི་དོ་དམ་བྱེད་ཐབས་གྲུབ་པ་དང་ཆབས་ཅིག ནཌ་འགོག་འཕྲལ་སྒྲུབ་རུ་ཁག(གྲོང་ཚོ་རིམ་པའི་ནགས་སྲུང་བ)7བཙུགས་པར་ཁྱོན་མི་700ཡོད་པ་རེད།
དངོས་ཟོག་གྲབས་གསོག་བྱེད་ལེགས་སུ་བཏང་ཞིང་། “གང་ཆད་པ་དེ་གསབ་པའི”རྩ་དོན་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་ནགས་རྩྭ་ཅུས་ཀྱིས་ནགས་ཚལ་མེ་ཟོན་དང་མེ་ཟོན་རོགས་སྐྱོབ་སྡེ་ཚན་དང་རྫོང་དང་ཆུས་ཁག་ལ་སྒོར་ཁྲི་2990རི་བའི་མེ་ཟོན་མེ་གསོད་དངོས་ཟོག་སྤྲད་པས། ཤང་དང་གྲོང་རྡལ་རེར་མེ་ཟོན་ཆུ་འཁོར་རེ་དང་། གྲོང་ཚོ་རེར་ཆུ་འཐེན་འཕྲུལ་འཁོར་རེ། ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་ཚང་མར་སྐོར་ཞིབ་རླངས་འཁོར་དང་། ཆུ་འཐེན་འཕྲུལ་འཁོར། མེ་གསོད་ཡོ་བྱད། མེ་གསོད་ཆུ་མདའ་བཅས་རེ་སྤྲད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་ཁ་ཚ་དགོས་གཏུགས་ཀྱི་དངོས་ཟོག་སྒྲིག་སྦྱོར་བྱེད་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་པ་རེད།
ལག་རྩལ་གྱི་འགོག་ནུས་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་4065བཏང་ནས་ལྕགས་སྒྲོམ་ཀུང་སི་དང་མཉམ་ལས་བྱས་ཏེ་བྲག་ཡིབ་ཆུས་དང་། རྫ་ཡུལ་རྫོང་། སྤོ་བོ་རྫོང་། མེ་ཏོག་རྫོང་བཅས་སུ་ནགས་ཚལ་མེ་ཟོན་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་བཙུགས་པ་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་155བཙུགས་ནས“གནམ་དང་། བར་སྟོང། ས། མི”བཅས་ཕྱོགས་བཞི་གཞི་གཅིག་གི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་སྤྱིར་ན་བསྐྲུན་ནས“སྔ་ཙམ་དང་ཆུང་ས་ནས་འགོག་པའི”ནུས་པ་དང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།