དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “གཤམ་སྤེལ་གསུམ”གྱི་དང་བླངས་ཞབས་ཞུས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་2023ལོའི“གཤམ་སྤེལ་གསུམ”གྱི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་དུས་རབས་གསར་པར་དྲིན་ཚོར་དང་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་བར་སྐོར་ཚོང་གྲོང་དུ་འཚོགས་པ་དང་། ཁྲེང་ཀོན་ཆུས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རིག་གནས་ཡུལ་སྐོར་ཅུས། ཞིང་ལས་གྲོང་གསེབ་ཅུས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་21ཐེངས་འདིའི་བྱེད་སྒོར་ཞུགས་ཤིང་། ཕྱིས་འབྱུང་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་15སྤེལ་ཏེ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཐད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་བསྐང་རྒྱུ་རེད། འདི་ནི་ལས་དོན་པས་ཡུལ་སྐོར་བར་ལྷ་སའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།