གྲོང་གསེབ་ཡུལ་སྐོར་འཁྲུག་སེ་འཁྲུག འབབ་འཕར་ཐབས་ལམ་ཡངས་སེ་ཡངས།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བའི་འཆར་གཞི་ལག་ལེན་བསྟར་ཏེ། ཡུལ་སྐོར་བར་དམིགས་པའི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་6ལྷག་ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་སྟེ། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་ཕན་པ་ཆེན་པོ་ཐོབ་ཡོད་ཅིང་། འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཐག་རིང་ནས་ཕེབས་པའི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ།