དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མཚོ་བོད་ས་མཐོ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་རི་ཀླུང་ཀུན་དང་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་དགོས་ཞེས་གསུངས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་ཏན་ཏིག་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་སྐྲུན་དགོས།

    བྱེ་རླུང་བཅོས་སྐྱོང་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཡོངས“མི་ཁྲི་དང་མུའུ་ཁྲིའི”འོས་འགན་ཤིང་འཛུགས་ལ་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་ཤིང་འཛུགས་ནགས་བཟོ་དང“སྔོ་ལྗང་བྱེ་འཇགས”ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གྲངས་ལས་འདས་པ་བརྩམས་ཡོད། མིག་སྔར་ཡར་ཀླུང་གཙང་པོའི་ངོགས་སུ་ཁྱོན་སྡོང་རྐང་ཁྲི་4500ལྷག་ཙམ་བཙུགས་ནས་སྤྱི་ལེ་160ཟིན་པའི་ལྗང་མདོག་ཁྱམས་རིང་ཞིག་བསྐྲུན་ཡོད།

    ལོ་40ཡི་གོང་གི“མཐའ་ཡས་བྱེ་ཐང་དང་བྱེ་རླུང་ལྡང་ཚེ་རང་ཁྱིམ་མི་མཐོང་བ”ནས་ད་ཆའི་སྔོ་ལྗང་གིས་བརྒྱན་པའི་ཡུལ་བར། དེ་གར་སྲོག་ཆགས་ཀྱི་ཁྱུ་ཚོགས་འཚོ་གནས་དང་རྒྱུད་སྤེལ་བྱེད་བཞིན་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་དང་། སྲོག་ཆགས། གཙང་པོ་དང་མཚེའུ་བཅོས་སྐྱོང་དང་ཡུལ་སྐོར་ལས་རིགས་བཅས་ལ་བརྟེན་ནས“སྐྱེ་ཁམས་ཀྱི་ལས”ལ་གཞོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།