དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རིང་གདོང་ལེན་བརྩོན་ལེན་གྱི་ཆེད་དོན་ཚོགས་ཆུང་བཙུགས་ནས་ཚུགས་གནས་མཐོ་བའི་སྤྱི་འདོམས་དང་། འགོ་འཛུགས་ས་མཐོ་པོས་འཆར་འགོད། ཚད་གཞི་མཐོ་པོས་སྐུལ་འདེད། སྤུས་ཚད་མཐོ་པོས་དོན་འཁྱོལ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།

    མངའ་རིས་ས་ཁུལ་གྱི་མཐོ་སའི་ཆེད་དོན་ཚོགས་ཆུང་གིས་འདི་ལོ་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་འཚོགས་ནས《མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་དང་། མཐོ་སའི་གདོང་ལེན་བརྩོན་ལེན་བྱེད་པའི་ལོ་5ཡི་ལག་བསྟར་བསམ་འཆར་དང་ལོ་འཁོར་གྱི་ལས་ཀའི་གཙོ་གནད་བཟོས་པ། “ས་ཁུལ་ལྔ་དང་མ་ལག་གཅིག”གི་སྤྱིའི་དམིགས་ཚད་བཏོན་པ། རིགས་ཆེ་གྲས་6གི་གལ་ཆེའི་སྟོན་རྟགས་ཁག་38གཏན་འཁེལ་བྱས་པ། “བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་པ་རེད།

    མངའ་རིས་ས་ཁུལ་གྱི་མཐོ་སའི་གདོང་ལེན་བརྩོན་ལེན་བྱེད་པའི་རིགས་ཆེ་གྲས་6གི་སྟོན་རྟགས་ཁག་38ཁྲོད་སྟོན་རྟགས་ཁག་25ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ་དང་། ཆུ་བོ་དང་མཚོ་་གཙོ་བོའི་ཆུ་སྤུས་ཚང་མ་རིགས་གསུམ་གྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན། “ཐིག་གསུམ་དང་གསལ་ཐོ་གཅིག”གི་སྔོན་ཚུད་སྲུང་སྐྱོང་རྒྱ་ཁྱོན་བཅས་ཀྱིས་ས་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་55%དང་། 56% 95%ཡན་སོ་སོར་ཟིན་པ་དང་རྒྱ་ཁྱོན་དང་བཟུང་ཚད་ཚང་མ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 2023ལོར་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོ་48ཡོད་ཅིང་། ལོ་ཧྲིལ་པོའི་ལས་འགན་གྱི་78%གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

    མཚོ་ཆེན་དང་། དགེ་རྒྱས། རུ་ཐོག་བཅས་རྫོང་གསུམ་གྱི་ཆུ་འགོ་ལེགས་སྒྲིག་དང་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་དང་། རྫོང་7གྱི་གཙོ་གནད་ཤང་དང་གྲོང་རྡལ་40དང་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་ཀྱི་ལག་རྩལ་སྙན་ཞུ་བཟོས་ནས་ལེཌ་སྒྲུབ་བྱས་པ་རེད། ས་ཁུལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཁག་ལ་སྨན་བཅོས་ཆུ་སྙིགས་གཙང་གསིང་ས་ཚིགས་བཙུགས་པ་དང་འབྲེལ་བཀོལ་སྤྱོད་བྱས་པ་དང་། དྲ་ཐོག་ལྟ་ཞིབ་ཚད་ལེན་མ་ལག་སྒྲིག་སྦྱོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱི་སྦགས་བཙོག་འབྱུང་ཁུངས་དྲ་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པའི་ལས་སྟེགས་དང་སྦྲེལ་མཐུད་ཀྱང་བྱས་པ་རེད། “སྡོད་གནས་ས་ཆ་གཅིག་དང་སྤྱི་སྤྱོད་ས་ཆ་གཉིས”ཀྱི་ས་ཆ་ཁག་63གྱི་ས་རྒྱུའི་སྦཌ་བཙོག་གི་ཉེན་ཁའི་བརྟག་དཔྱད་སྙན་ཞུའི་ཞིབ་དཔྱད་ལེགས་སྒྲུབ་བྱས་ནས་ས་ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལེགས་པོ་སྤྱིའི་ཆ་ནས་རྒྱུན་འཁྱོངས་ཐུབ་ཡོད། སྤུ་ཧྲེང་རྫོང་གྲོང་གི་གད་སྙིགས་སྦས་ས་དང་། སྤུ་ཧྲེང་རྫོང་གྲོང་གི་ཆུ་མཁོ་འདོན་དང་ཕྱིར་འབུད། རྩ་མདའ་རྫོང་གྲོང་གི་གད་སྙིཌ་སྦས་ས་སོཌ་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་70%ཡན་ལེཌ་གྲུབ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།